[1B] །རྒྱ་གར་སྐད་དུ། ཨཱརྱ་ཨཀྵོ་བྷྱ་ཏ་ཐཱ་ག་ཏ་སྱ་བྱཱུ་ཧ་ནཱ་མ་ མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་མི་ འཁྲུགས་པའི་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། [2A] །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ་ཉོན་མོངས་པ་མེད་པ། དབང་ དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ ཤེས་པ༑ གླེང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ [2B] སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་སྟེ། གང་ཟག་གཅིག་མ་གཏོགས་པ་ནི་འདི་ལྟར་ སློབ་པ་རྒྱུན་དུ་ཞུགས་པ་ཚེ་དང་ལྡན་པ་ཀུན་དགའ་བོའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་ དག་དང། རྒྱལ་པོ་ཆེན་པོ་བཞི་དང། ལྷའི་དབང་པོ་བརྒྱ་བྱིན་དང། མི་མཇེད་ཀྱི་བདག་པོ་ཚངས་པ་དང། དེ་དག་ ལས་གཞན་པ་གཟི་བརྗིད་ཆེ་བ་གཟི་བརྗིད་ཆེ་བའི་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་ དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཡོངས་སུ་ [3A] །བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རད་ ཏིའི་བུ་སྟན་ལས་ལངས་ཏེ་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་ འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ། །བཙུན་པ་བཅོམ་ ལྡན་འདས། སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ ཡང་དག་པར་ཞུགས་པ་རྣམས་ཀྱི་འཇུག་པ་དང། སྤྱོད་པ་དང། སྤྲོ་བ་དང། སེམས་བསྐྱེད་པ་གང་གིས་སྔོན་གྱི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ [3B] གོ་ཆ་དང། ཡོན་ཏན་ཡོངས་སུ་བརྗོད་པ་ལེགས་པར་བཤད་དུ་གསོལ། བཙུན་པ་བཅོམ་ལྡན་འདས། སྔོན་གྱི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་དག་གི་ལས་དང། སེམས་བསྐྱེད་པ་དང། གོ་ཆ་དང། ཡོན་ཏན་ཡོངས་སུ་རྫོགས་པ་དག་ཀྱང་བཤད་དུ་གསོལ། བཙུན་པ་བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ལྷ་དང་བཅས་པའི་འཇིག་རྟེན་གྱི་དོན་དང། སྨན་པ་དང། བདེ་བའི་སླད་དུ་བརྩོན་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དེ་དག་གི་སྤྱོད་པ་དང། ཡོན་ཏན་ཡོངས་སུ་དག་པ་ཡོངས་སུ་བརྗོད་པ་དག་ཀྱང་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་ དང། སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་སྙིང་བརྩེ་བ་དང། སྐྱེ་བོ་ཕལ་པོ་ཆེ་དང། ལྷ་དང་མི་རྣམས་ཀྱི་དོན་དང། སྨན་པ་དང། བདེ་བར་འགྱུར་ལ། ད་ལྟར་དང་ མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་འདི་ལྟར་ཆོས་ཀྱི་སྒྲོན་མའི་སྣང་བ་དང། འདི་ལྟར་སངས་རྒྱས་ཀྱི་སྣང་བས་སྣང་བར་བགྱིས་པར་ འགྱུར་ཞིང་སྤྲོ་པ་སྩལ་བར་ཡང་འགྱུར་རོ། །དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱིས་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ [4A]༄༅། །དེ་དག་གི་འཇུག་པ་དང། སྤྱོད་པ་དང། སྤྲོ་བ་དང། སེམས་བསྐྱེད་པ་དང། གོ་ཆ་དང། ཡོན་ཏན་ཡོངས་སུ་བརྗོད་པ་དག་ཐོས་ན། དེ་བཞིན་དུ་ སློབ་ཅིང་དེ་བཞིན་དུ་སྒྲུབ་པར་འགྱུར་རོ། །དེ་དག་དེ་ལྟར་བསླབས་ཤིང་དེ་ལྟར་བསྒྲུབས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ ཞིང། ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར་གྱུར་ནས་ཀྱང་སླར་ཞིང་གོང་ནས་གོང་དུ་ཡོན་ཏན་ཤིན་ཏུ་ཁྱད་པར་ཅན་དག་ཀྱང་ཐོབ་པར་འགྱུར་བ་ལགས་སོ། །དེ་སྐད་ཅེས་ གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། ལེགས་སོ། །ལེགས་སོ། །ཤཱ་རད་ཏིའི་བུ། ཁྱོད་ མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་ཞུགས་ཏེ། འདས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་འཇུག་པ་དང། སྤྱོད་པ་དང། སྤྲོ་བ་དང། སེམས་བསྐྱེད་པ་དང། གོ་ཆ་དང། ཡོན་ཏན་ཡོངས་སུ་བརྗོད་པ་དག་འདྲི་བར་སེམས་པ་ནི། ཡང་ཁྱོད་ལེགས་ སོ༑ ༑ཤཱ་རད་ཏིའི་བུ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་ཟུངས་ཤིག་དང༑ འདི་ལྟ་སྟེ། འདས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ [4B] །ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་བཅོམ་ལྡན་འདས། དེ་བཞིན་ནོ། །ཞེས་གསོལ་ཏེ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང། བཅོམ་ལྡན་འདས་ ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་ཞེས་བྱ་བ་བཞུགས་ཤིང་འཚོལ་གཞེས་ཏེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་ བརྩམས་ཏེ་ཆོས་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་འདི་སྙམ་དུ་སེམས་ཏེ། བདག་གིས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བགྱི་བ་དེ་ན་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་ཞེས་བགྱི་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་ལྟར་ཕ་རོལ་ཏུ་ཕྱིན་ པ་དྲུག་ལས་བརྩམས་ཏེ་ཆོས་སྟོན་པ་དེ་ཕྱོགས་གང་ན་བཞུགས་ཞེས་དོན་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངེས་པར་ཞུའོ་སྙམ་ མོ༑ ༑དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ [5A]༄༅། །ཏོ༑ ༑ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཐམ་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་ པ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་ཞེས་བྱ་བ་བཞུགས་ཤིང་འཚོ་ལ་གཞེས་ ཏེ༑ དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བརྩམས་ཏེ་ཆོས་སྟོན་ཏོ། །ཤཱ་རད་ཏིའི་བུ། ཡང་དེའི་ཚེ་དེའི་དུས་ན་དགེ་ སློང་ཞིག་སྟན་ལས་ལངས་ཏེ་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་སྤྱན་ཆེན་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟར་བཅས་པ་འདི་ལ་སློབ་པར་འཚལ་ ལོ༑ ༑ཤཱ་རད་ཏིའི་བུ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་དགེ་སློང་ [5B] །དགེ་སློང། བྱང་ཆུབ་སེམས་དཔའི་བསླབ་པ་ཇི་ལྟར་བཅས་པ་ལ་དེང་སང་བསླབ་པར་ཤིན་ཏུ་དཀའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང། འདི་ལྟར་ བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་མི་འཁྲུགས་པར་བྱ་བ་དང། གནོད་སེམས་ཀྱི་སེམས་མི་བསྐྱེད་པར་བྱ་བའི་ཕྱིར་རོ། །ཤཱ་རད་ཏིའི་བུ། དེ་ལ་དེ་སྐད་ཅེས་བཀའ་སྩལ་ པ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྱན་ཆེན་པོ་དེ་ལ་དགེ་སློང་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་དང་སླན་ཆད་འདི་ལྟར་གཡོ་མ་ མཆིས་པ་དང། སྒྱུ་མ་མཆིས་པ་དང། མད་པའི་ཚིག་དང། གཞན་དུ་མི་འགྱུར་བའི་ཚིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི། བླ་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་འདུད་པར་བགྱི། ཡོངས་སུ་བསྔོ་བར་ཡང་བགྱིའོ། །བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་ པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་འདི་ནས་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་སེམས་ཅན་འགའ་ཙམ་ལ་ཁྲོ་བའམ། གནོད་སེམས་སམ། འཁྲུགས་པ་དང་ལྡན་པའི་སེམས་བསྐྱེད་པར་གྱུར་ [6A]༄༅། །ན༑ བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ ལ་འདི་ནས་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་གོམ་པ་འདོར་བ་རེ་རེ་ལ་ཐམས་ཅད་མཁྱེན་པའི་སེམས་ དང་བྲལ་བར་གྱུར་ན། དེ་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ་གཞལ་དུ་མ་མཆིས་པ་ཐམས་ ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་ པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་ [6B]ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཉན་ཐོས་ཀྱི་སེམས་སམ། རང་སངས་རྒྱས་ཀྱི་སེམས་བསྐྱེད་པར་གྱུར་ ན༑ བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་ འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་འདོད་པའི་འདོད་ཆགས་དང་ལྡན་པའི་སེམས་བསྐྱེད་པར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་ རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་དེ་ལྟར་བཞུགས་ཏེ་འཚོ་ཞིང་ གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་ [7A]༄༅། །བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་འདོད་ཆགས་དང་ལྡན་པའམ། ཞེ་སྡང་དང་ལྡན་པའམ། གཏི་མུག་དང་ལྡན་པའམ། རྣམ་པར་འཚེ་བ་དང་ལྡན་པའམ། གཉིད་ དང་ལྡན་པའམ། རྨུགས་པ་དང་ལྡན་པའམ། འགྱོད་པ་དང་ལྡན་པའམ། རྒོད་པ་དང་ལྡན་པའི་སེམས་བསྐྱེད་པར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ ཏུ་མ་མཆིས། གྲངས་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་ སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་།བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ་ དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ ཀྱི་བར་དུ་གལ་ཏེ་ཐེ་ཚོམ་དང་ལྡན་པའི་སེམས་བསྐྱེད་པར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ [7B] གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་སྲོག་གཅོད་པ་དང་ལྡན་པའི་སེམས་བསྐྱེད་ པར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་ བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་ དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་མ་བྱིན་པར་ལེན་པ་དང་ལྡན་པའམ། མི་ཚངས་པར་སྤྱོད་པ་དང་ལྡན་པའམ། བརྫུན་དུ་སྨྲ་བ་དང་ [8A]༄༅། །ལྡན་པའམ། ཕྲ་མ་དང་ལྡན་པའམ། ངག་རྩུབ་པོ་དང་ལྡན་པའམ། ཚིག་ཀྱལ་བར་སྨྲ་བ་དང་ལྡན་པའམ། བརྣབ་སེམས་དང་ལྡན་པའམ། གནོད་སེམས་དང་ ལྡན་པའམ། ལོག་པར་ལྟ་བ་དང་ལྡན་པའི་སེམས་བསྐྱེད་པར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ ཁྱབ༑ གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ བསླུས་པར་གྱུར་ཅིག་ཅེས་བྱས་སོ། །ཤཱ་རད་ཏིའི་བུ། དེ་ནས་དགེ་སློང་ཞིག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་དང་པོ་སེམས་བསྐྱེད་ པའི་གོ་ཆ་ཆེན་པོ་བགོས་པ་ཉིད་ནས་སེམས་ཅན་ཐམས་ཅད་ལ་སེམས་མི་འཁྲུགས་ཤིང་ཀུན་དུ་མི་འཁྲུགས་པ་ནི། ཤིན་ཏུ་ངོ་མཚར་ཆེའོ། །ཀྱེ་མ་དགེ་སློང་འདི་ནི། མི་འཁྲུགས་ པ་ཞེས་བྱ་བར་འགྱུར་ཏེ། ལེགས་སོ། །སྙམ་མོ། །ཤཱ་རད་ཏིའི་བུ། དེ་ལྟར་དགེ་སློང་དེའི་མིང་མི་འཁྲུགས་པ་མི་འཁྲུགས་པ་ཞེས་བྱ་བར་གྱུར་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་དགེ་སློང་ལེགས་སོ། །ལེགས་སོ། །དགེ་སློང། ཁྱོད་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་ཡང་མིང་དེ་ཉིད་དུ་འགྱུར་ལ་ [8B] ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཡང་མཚན་འདི་ལྟ་སྟེ། མི་འཁྲུགས་པ་མི་འཁྲུགས་པ་ཞེས་བྱ་བ་དེ་ཉིད་དུ་འགྱུར་རོ། ། ཞེས་དེའི་མིང་དེ་ལ་རྗེས་སུ་ཡི་རང་བར་མཛད་དོ། །རྒྱལ་པོ་ཆེན་པོ་བཞི་དང། ལྷའི་དབང་པོ་བརྒྱ་བྱིན་དང། མི་མཇེད་ཀྱི་བདག་པོ་ཚངས་པས་ཀྱང་དགེ་སློང། ལེགས་སོ། །ལེགས་སོ། །དགེ་ སློང། ཁྱོད་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་ཡང་མིང་དེ་ཉིད་དུ་འགྱུར་ལ། དགེ་སློང། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ པ་ན་ཡང་མཚན་འདི་ལྟ་སྟེ། མི་འཁྲུགས་པ་མི་འཁྲུགས་པ་ཞེས་བྱ་བ་དེ་ཉིད་དུ་འགྱུར་རོ། །ཞེས་དེའི་མིང་དེ་ལ་རྗེས་སུ་ཡི་རང་བར་བྱས་སོ། །ཤཱ་རད་ཏིའི་བུ། གཞན་ཡང་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་མངོན་དུ་གྱུར་པ་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་ པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་ བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཇི་སྐད་སྨྲས་པ་དེ་བཞིན་དུ་མ་བགྱིས་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་ [9A]༄༅། །འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས་བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་ གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཐ་ན་གོམ་པ་འདོར་བ་རེ་རེ་ཙམ་དག་ལའང་སངས་རྒྱས་ཡིད་ལ་བགྱིད་པ་དང་ལྡན་པའི་ཐམས་ཅད་མཁྱེན་པའི་སེམས་ མ་བསྐྱེད་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་ རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ [9B]པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཚེ་རབས་ཚེ་རབས་སུ་ཁྱིམ་ནས་ཁྱིམ་མ་མཆིས་པར་ཡང་དག་པར་རབ་ཏུ་ མ་བྱུང་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་ བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས་ བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཚེ་རབས་ཚེ་རབས་སུ་མངོན་པར་རབ་ཏུ་བྱུང་ནས་ཀྱང་དགོན་པ་པར་མ་གྱུར་ ཏམ༑ བསོད་སྙོམས་པར་མ་གྱུར་ཏམ། ཕྱག་དར་ཁྲོད་པར་མ་གྱུར་ཏམ། སྟན་གཅིག་པར་མ་གྱུར་ཏམ། ཟས་ཕྱིས་མི་ལེན་པར་མ་གྱུར་ཏམ་ཟས་རྙེད་རྙེད་ལེན་པར་མ་གྱུར་ ཏམ༑ དུར་ཁྲོད་པར་མ་གྱུར་ཏམ། བླ་གབ་མེད་པར་མ་གྱུར་ཏམ་ཤིང་དྲུང་པར་མ་གྱུར་ཏམ། ཙོག་པུ་པར་མ་གྱུར་ཏམ། གཞི་ཇི་བཞིན་པར་མ་གྱུར་ཏམ། ཆོས་གོས་གསུམ་པ་ [10A]༄༅། །པར་མ་གྱུར་ཏམ། ཕྱིང་པ་བར་མ་གྱུར་ཏམ། འདོད་པ་ཆུང་བར་མ་གྱུར་ཏམ། ཆོག་ཤེས་པར་མ་གྱུར་ཏམ། ཆོས་འདོད་པར་མ་གྱུར་ཏམ། ཆོས་ལ་ དགའ་བར་མ་གྱུར་ཏམ། ཆོས་ལ་གུས་པར་མ་གྱུར་ཏམ། ཆོས་ལ་བརྟེན་པར་མ་གྱུར་ཏམ། ཆོས་སྟོན་པར་མ་གྱུར་པ་ནས་བསླབ་པ་དང་སྦྱངས་པའི་ཡོན་ཏན་དང། ཡོ་བྱད་ བསྙུངས་པའི་ཡི་དམ་ཡང་དག་པར་བླང་བ་དག་བླངས་ཏེ་གནས་པར་མ་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས་ བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་ བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ ཚེ་རབས་ཚེ་རབས་སུ་རབ་ཏུ་བྱུང་ནས་ཀྱང་ཆོས་སྟོན་པར་མ་གྱུར་ཏམ། སྤོབས་པ་ཆགས་པ་མེད་པ་དང་ལྡན་པར་མ་གྱུར་ཏམ། སྤོབས་པ་ཚད་མ་མཆིས་པ་དང་ལྡན་པར་མ་གྱུར་ [10B] བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་ འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་།བཙུན་པ་བཅོམ་ལྡན་འདས། བདག་དེ་ ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་འདི་ལྟར་འགྲེང་བ་དང། མཆིས་པ་དང། འཆག་པའི་སྤྱོད་ལམ་གསུམ་མ་གཏོགས་པར་གལ་ཏེ་ཉལ་ བར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་ བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས་ བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་ [11A]༄༅། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་སེམས་ཅན་འགའ་ཙམ་ལ་རྩ་བའི་ལྟུང་བ་འབྱུང་བ་དང་ ལྡན་པའམ། རྩ་བའི་ལྟུང་བ་དང་ལྡན་པའི་སེམས་བསྐྱེད་དམ་བུད་མེད་དང་ལྡན་པའམ། བརྫུན་དུ་སྨྲ་བ་དང་ལྡན་པའམ། དེ་ལས་གཞན་སྨྲ་བ་བརྗོད་པ་དང་ལྡན་པའམ། གཞན་ ལ་གནོད་ཅིང་སྤ་ཀོང་པ་དང་ལྡན་པའི་སེམས་བསྐྱེད་པར་གྱུར་ན་བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས་གྲངས་མ་མཆིས། བསམ་གྱིས་ མི་ཁྱབ༑ གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་ དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་བུད་མེད་ ལ་འདི་ལྟར་མི་རྟག་པའི་རྣམ་པའམ། སྡུག་བསྔལ་བ་དང། སྟོང་པ་དང། བདག་མེད་པའི་རྣམ་པའམ། རྣམ་པ་གཞན་དང་གཞན་དག་གིས་ཆོས་སྟོན་པ་ན་ཡན་ལག་ལས་སྐྱེས་པའི་ [11B]ནས་སོའི་ཕྲེང་བ་སྟོན་ཏམ། རྒོད་པར་བགྱིད་དམ། ལག་པ་གཡོབ་པར་བགྱིད་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་ འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་ འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་ བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཆོས་སྟོན་པ་ན་གལ་ཏེ་ལག་པ་བསྒྱུར་ཞིང་ཆོས་སྟོན་པར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་ མཆིས༑ བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་ བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ [12A]༄༅། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ གལ་ཏེ་དེ་བཞིན་གཤེགས་པའི་རྗེས་སུ་སྐྲ་དང་ཁ་སྤུ་བྲེགས་པ་སྣོད་དུ་གྱུར་པའམ། སྣོད་དུ་མ་གྱུར་པའང་མི་མངའ་སྟེ། དེ་བཞིན་གཤེགས་པའི་རྒྱལ་མཚན་ཆོས་གོས་ངུར་ སྨྲིག་འཚལ་བ་དག་མཐོང་ན། དེ་ལ་དེ་བཞིན་གཤེགས་པའི་འདུ་ཤེས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་འདུ་ཤེས་མ་བསྐྱེད་ན་བདག་གིས་ཕྱོགས་བཅུ་ ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས་བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་ དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་བྱང་ཆུབ་སེམས་དཔའ་གཞན་དག་མཐོང་ན་དེ་དག་ལ་སྟོན་པའི་འདུ་ཤེས་མ་བསྐྱེད་ [12B] བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཆོས་འཆད་པ་ན་ཆོས་སྟོན་པ་དག་ལ་གལ་ཏེ་མཆིས་ཏེ་ཆོས་ཉན་པར་མ་གྱུར་ན། བདག་གིས་ ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་ གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་ [13A]༄༅། །རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་མ་གཏོགས་པར་འདི་ལས་ཕྱི་རོལ་ཏུ་གྱུར་པའི་དགེ་སྦྱོང་དང། བྲམ་ཟེ་དང། ལྷ་གཞན་དག་ལ་ཕྱག་བགྱིས་པར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་ འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་འདི་ལ་ནི། སྦྱིན་པ་སྩལ་བར་བགྱིའོ། །འདི་ལ་ནི། སྩལ་བར་མ་ བགྱིའོ༑ ༑ཞེས་སེམས་ཅན་ལ་ཐ་དད་དུ་བགྱི་བའི་འདུ་ཤེས་བསྐྱེད་པར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་ [13B] བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་ རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ འདི་ལ་ནི། ཡོན་དབུལ་བར་བགྱིའོ། །འདི་ལ་ནི། ཡོན་དབུལ་བར་མི་བགྱིའོ། །ཞེས་དེ་ལྟ་བུའི་འདུ་ཤེས་བསྐྱེད་པར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ [14A]༄༅། །པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་འདི་ལ་ནི། དམ་པའི་ཆོས་ཀྱི་སྦྱིན་པ་སྩལ་བར་བགྱིའོ། །འདི་ལ་སྩལ་བར་མི་བགྱིའོ་།ཞེས་དེ་ལྟ་བུའི་ སེམས་བསྐྱེད་པར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ་གཞལ་དུ་མ་མཆིས་པ་ཐམས་ ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་ པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་དགུམ་པར་འོས་པའི་སེམས་ཅན་ལ་ ལ་ཞིག་ཁྲིད་དེ་མཆིས་པ་མཐོང་ན། དེ་ཡོངས་སུ་ཐར་པར་བགྱི་བའི་སླད་དུ་བདག་གིས་ལུས་ཡོངས་སུ་བཏང་བ་མ་བགྱིས་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ་གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་ [14B]དག་བསླུས་པར་གྱུར་ཅིག་ ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་ དཔའ་དེས་གལ་ཏེ་དགུམ་པར་འོས་པའི་སེམས་ཅན་ལ་ལ་ཞིག་ཁྲིད་དེ་མཆིས་པ་མཐོང་ན། དེ་ཡོངས་སུ་ཐར་པར་མ་བགྱིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱའོ། །ཞེས་སྨྲས་སོ་།ཤཱ་རད་ཏིའི་བུ། དེ་ནས་ཡང་དགེ་སློང་ཞིག་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མི་འཁྲུགས་པ་འདིས་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་དཔང་དུ་གྱུར་པ་དང། ཚད་མར་གྱུར་པར་འཇོག་པ་ པ་དང། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔང་དུ་གྱུར་བ་དང། ཚད་མར་གྱུར་པར་འཇོག་པ་དེ་ནི། ལྷ་དང། མི་དང་ ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དཔང་དུ་གྱུར་པ་དང། ཚད་མར་གྱུར་བར་འགྱུར་རོ། །སྙམ་མོ། །ཤཱ་རད་ཏིའི་བུ། དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་དགེ་སློང་དེའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ [15A]༄༅། །དེ་དེ་བཞིན་ནོ། །ཇི་ལྟར་ཁྱོད་རྣམ་པར་རྟོག་པ་དེ་བཞིན་དུ་དགེ་སློང། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་དག་དཔང་དུ་གྱུར་བ་དང། ཚད་མར་གྱུར་བར་འཇོག་པ་དེ་ཡང་རིང་པོར་མི་ཐོགས་པར་ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དཔང་ དུ་གྱུར་པ་དང། ཚད་མར་གྱུར་པར་འགྱུར་རོ། །དགེ་སློང། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་གོ་ཆ་ཆེན་པོ་དེ་ལྟ་བུས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཤཱ་ རད་ཏིའི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ མི་འཁྲུགས་པ་དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་ [15B] དགེ་སློང་མ་དང་དགེ་བསྙེན་དང། དགེ་བསྙེན་མ་ལྟུང་བའི་ནོངས་པ་བྱུང་བ་དག་མཐོང་ན། ཁྱོད་ལ་ལྟུང་བའི་ཉེས་པ་འདི་བྱུང་ངོ། །ཞེས་ ལྟུང་བ་གླེང་བར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ་གཞལ་དུ་མ་མཆིས་པ་ཐམས་ ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་ བཅོམ་ལྡན་འདས། ཅི་ནས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཐམས་ཅད་ཀྱི་ཐམས་ཅད་རྣམ་ པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཉན་ཐོས་རྣམས་ཀྱི་ལྟུང་བའི་སྒྲ་ཙམ་ཡང་མི་གྲག་ཅིང་མི་འབྱུང་བ་དེ་ལྟར་བདག་གིས་བརྩལ་ཞིང་བསྒྲུབ་པར་བགྱིའོ། །ཅི་ནས་བདག་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་དག་པར་འགྱུར་བ་དང། བླ་ན་མེད་པའི་ཡོན་ཏན་ཡོངས་སུ་རྫོགས་ པ་ཇི་སྙེད་པ་དག་ཡོངས་སུ་འཛིན་པར་འགྱུར་བ་དེ་ལྟར་བརྩལ་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་ [16A]༄༅། །འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཐ་ན་གཡར་ལམ་ཙམ་དུ་ཁུ་བ་བྱུང་བར་གྱུར་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ་གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། ཅི་ནས་བདག་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའི་ཐེག་པ་བ་དང་ཉན་ཐོས་ཀྱི་ཐེག་པ་པའི་རིག་ཀྱི་བུའམ་ རིགས་ཀྱི་བུ་མོ་གང་དག་ཁྱིམ་གྱི་གནས་ནས་ངེས་པར་བྱུང་ཞིང་རབ་ཏུ་བྱུང་བར་གྱུར་བ་དག་ཐ་ན་གཡར་ལམ་ན་ཡང་ཁུ་བ་མི་འབྱིན་པ་དེ་ལྟར་བདག་གིས་བརྩལ་ཞིང་བསྒྲུབ་ པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ [16B]དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དུ་ད་ལྟར་གྱི་བུད་མེད་དང། བུད་མེད་ཀྱི་སྐྱོན་གང་ལགས་པའི་བུད་མེད་དང། བུད་མེད་ཀྱི་སྐྱོན་དེ་ལྟ་བུ་ དག་འབྱུང་བར་འགྱུར་ན། བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཞིང། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་ རྟེན་གྱི་ཁམས་དཔག་ཏུ་མ་མཆིས། གྲངས་མ་མཆིས། བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་བཙུན་པ་བཅོམ་ལྡན་འདས། བདག་དེ་ལྟར་ཐམས་ཅད་མཁྱེན་པའི་སེམས་ བསྐྱེད་པ་རིན་པོ་ཆེ་འདི་བསྐྱེད་དེ། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་ཡོངས་སུ་བསྔོས་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་གལ་ཏེ་ཇི་སྐད་སྨྲས་པ་དེ་བཞིན་དུ་མ་བགྱིས་ན། བདག་གིས་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དབག་ཏུ་མ་མཆིས། གྲངས་མ་ [17A]༄༅། །མཆིས༑ བསམ་གྱིས་མི་ཁྱབ། གཞལ་དུ་མ་མཆིས་པ་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག་ས་བོན་གྱི་ཆོས་འདི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དག་ཇི་ལྟ་ཇི་ལྟར་སེམས་མངོན་པར་ སྒྲུབ་པར་འགྱུར་བ་དེ་ལྟ་དེ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་མངོན་པར་འགྲུབ་ཅིང། དེ་ལྟ་དེ་ལྟར་ཆོས་སྟོན་པར་ཡང་འགྱུར་རོ་།ཞེས་གསོལ་ཏོ། །ཤཱ་རད་ཏིའི་བུ། དེ་ནས་ དགེ་སློང་ཞིག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ། ཁྱོད་ཀྱིས་དམ་བཅས་པ་འདི་གལ་ཏེ་ཡང་ དག་པའི་སྨོན་ལམ་ཡིན་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་ཡང་དག་པ་ཡིན་ན། བདེན་པ་དང། བདེན་པའི་ཚིག་ འདིས་རྐང་པ་གཡས་པའི་མཐེ་བོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ས་ཆེན་པོ་འདི་གཡོ་བ་དང། རབ་ཏུ་གཡོ་བ་དང། ཀུན་ཏུ་རབ་ཏུ་གཡོ་བ་དང་ འགུལ་བ་དང། རབ་ཏུ་འགུལ་བ་དང། ཀུན་ཏུ་རབ་ཏུ་འགུལ་བ་དང་ལྡེག་པ་དང། རབ་ཏུ་ལྡེག་པ་དང། ཀུན་ཏུ་རབ་ཏུ་ལྡེག་པར་བྱོས་ཤིག་ཤཱ་རད་ཏིའི་བུ། དེ་ནས་བྱང་ [17B]སངས་རྒྱས་ཀྱི་མཐུ་དང། རང་གི་བདེན་པའི་དམ་བཅས་པའི་དགེ་བའི་རྩ་བའི་སྟོབས་བསྐྱེད་པ་དེས་རྐང་པ་ གཡས་པའི་མཐེ་བོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་པར་བྱས་ཏེ་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་ འགུལ༑ རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་ རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་པར་བྱས་སོ། །ཤཱ་རད་ཏིའི་བུ། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མི་འཁྲུགས་པ་དེ་ནི། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པར་གྱུར་བ་ཡིན་ནོ། །ཤཱ་རད་ཏིའི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་སྤྱོད་པའི་རྗེས་སུ་ བསླབ་པར་བྱའོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པའི་རྗེས་སུ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དེ་འདྲ་ བ་ཁོ་ནའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཅིང། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་ [18A]༄༅། །དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ་།བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ དང་པོ་སེམས་བསྐྱེད་པ་ལ་ཡང་དག་པར་ཞུགས་པ་ན་ལྷའི་རིས་ཇི་སྙེད་ཅིག་འདུས་པར་གྱུར། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་ བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ། དང་པོ་སེམས་བསྐྱེད་པ་ལ་ཡང་དག་པར་ཞུགས་ པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་པོ་ཆེན་པོ་བཞི་དང། ལྷའི་དབང་པོ་བརྒྱ་བྱིན་དང། བདུད་སྡིག་ཅན་དང། མི་མཇེད་ཀྱི་བདག་པོ་ཚངས་པ་ དང། འདོད་པ་ན་སྤྱོད་པ་དང། གཟུགས་ན་སྤྱོད་པའི་ལྷའི་བུ་ཇི་སྙེད་པ་དེ་དག་ཐམས་ཅད་འདུས་ནས་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་ཚིག་འདི་སྐད་ཅེས་ཀྱེ་མ་སྔོན་མ་ཐོས་ པའི་སེངྒེའི་སྒྲ་ཆེན་པོ་འདི་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པས་འདིས་བསྒྲགས་པ་ལས་ཐོས་སོ། །ཞེས་སྨྲས་སོ། །ཤཱ་རད་ཏིའི་བུ། དེ་ནས་ ལྷའི་བུ་དེ་དག་དགའ་བ་དང། ཡིད་བདེ་བ་བསྐྱེད་ནས་ཁ་མཐུན་པར་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། སེམས་ཅན་གང་དག་བྱང་ཆུབ་སེམས་ [18B]དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་དེ་དག་ ནི༑ དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་སོ། །སེམས་ཅན་གང་དག་གིས་སེངྒེའི་སྒྲ་ཆེན་པོ་དང། ཁྱུ་མཆོག་གི་མི་འཇིགས་པ་ཆེན་པོ་དང། སྨོན་ལམ་ཆེན་པོའི་ཆོས་ཀྱི་རྣམ་ གྲངས་འདི་ཐོས་པ་དེ་དག་ཀྱང་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་སོ། །ཞེས་གསོལ་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་གོ་ཆ་ཆེན་པོ་ཅི་འདྲ་བ་གང་དེ་བཞིན་ གཤེགས་པས་ཡོངས་སུ་བརྗོད་པའི་གོ་ཆ་ཆེན་པོ་དེ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་མཆིས་པར་བདག་གིས་སྔོན་ཆད་མ་ཐོས་ལགས་སོ།། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་ པ་བཞིན་ནོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་གོ་ཆ་ཆེན་པོ་གང་བགོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [19A]༄༅། །ལ་ཡང་དག་པར་ཞུགས་པའི་སྨོན་ལམ་ཆེན་པོ་དང། གོ་ཆ་ཆེན་པོ་དེ་བགོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་ པར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང། བྱང་ཆུབ་སེམས་དཔའ་ བརྒྱ་སྟོང་ཕྲག་མང་པོ་དང། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་གི་ནང་ན་ཡང་ཉུང་སྟེ་ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མི་འཁྲུགས་པ་དེ། ཡོན་ཏན་གང་དག་དང་ལྡན་པའི་ཡོན་ཏན་དེ་དག་ནི། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་མེད་དོ། །ཤཱ་རད་ཏིའི་ བུ༑ དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ ལ་རིགས་ཀྱི་བུ། ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་ འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བར་འགྱུར་རོ། ། [19B] ཤཱ་རད་ཏིའི་བུ། དཔེར་ན། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བར་ལུང་བསྟན་ པ་བཞིན་ནོ། །ཤཱ་རད་ཏིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་ འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་སྣང་བ་ཆེན་པོས་ ཁྱབ་པར་གྱུར་ཅིང། ས་ཆེན་པོ་དེ་ཡང་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། འདི་ལྟར་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་ འགུལ༑ ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་པར་གྱུར་ཏེ། ཤཱ་རད་ཏིའི་བུ། དཔེར་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིང། ས་ཆེན་པོ་འདི་ཡང་རྣམ་པ་དྲུག་ ཏུ་གཡོས་པར་གྱུར་ཏེ། འདི་ལྟར་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་།ཀུན་ཏུ་རབ་ཏུ་ལྡེག་པར་གྱུར་པ་ [20A]༄༅། །བཞིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་དེ་ན་ཤིང་ལྗོན་པ་དང། རྩྭ་དང། ཤིང་གེལ་བ་དང་སྨན་དང། ནགས་ཚལ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མི་འཁྲུགས་པ་ལུང་བསྟན་པ་ག་ལ་བ་དེ་ལོགས་སུ་བཏུད། རབ་ཏུ་བཏུད། མངོན་པར་རབ་ཏུ་བཏུད་པར་གྱུར་ཏེ། ཤཱ་རད་ཏིའི་བུ་དཔེར་ན། ངས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདི་ན་ཤིང་ལྗོན་པ་དང། རྩྭ་དང། ཤིང་གེལ་བ་དང། སྨན་དང། ནགས་ཚལ་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ང་ག་ལ་བ་དེ་ལོགས་ས་བཏུད། རབ་ཏུ་བཏུད་ མངོན་པར་རབ་ཏུ་བཏུད་པར་གྱུར་པ་བཞིན་ནོ། །ཤཱ་རད་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་ [20B]ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ ཁམས་དེ་ན་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་དང། མི་དང་མི་མ་ཡིན་པའི་འཇིག་རྟེན་གང་དག་ འཁོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་ལུང་བསྟན་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱག་འཚལ་ཞིང་ འདུག་པར་གྱུར་ཏེ། ཤཱ་རད་ཏིའི་བུ། དཔེར་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང་ ལྟོ་འཕྱེ་ཆེན་པོ་དང། མི་དང་མི་མ་ཡིན་པའི་འཇིག་རྟེན་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་ང་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཕྱག་འཚལ་ཞིང་འདུག་པར་ གྱུར་པ་བཞིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་ [21A]༄༅། །དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་དེ་ན་བུད་མེད་སྦྲུམ་མར་གྱུར་པ་དེ་དག་ཐམས་ཅད་ཀྱང་དེའི་ཚེ་བདེ་ཞིང་བཀྲ་ཤིས་པར་བཙས་པར་གྱུར་ཏོ། །སེམས་ཅན་གང་དག་ལོང་བར་གྱུར་པ་ དེ་དག་ཀྱང་མིག་གིས་གཟུགས་མཐོང་བར་གྱུར་ཏོ། །སེམས་ཅན་འོན་པ་རྣམས་ཀྱང་རྣ་བས་སྒྲ་ཐོས་པར་གྱུར་ཏོ། །སེམས་ཅན་སྨྱོས་པ་རྣམས་ཀྱང་དྲན་པ་རྙེད་པར་གྱུར་ ཏོ༑ ༑སེམས་ཅན་དབང་པོ་ཐམས་ཅད་མ་ཚང་བ་རྣམས་ཀྱི་དབང་པོ་ཐམས་ཅད་དང་ལྡན་པར་གྱུར་ཏོ། །ཤཱ་རད་ཏིའི་བུ། དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ འདི་ན་བུད་མེད་སྦྲུམ་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་དེའི་ཚེ་བདེ་ཞིང་བཀྲ་ཤིས་པར་བཙས་པར་གྱུར། སེམས་ཅན་ལོང་བ་རྣམས་ཀྱང་མིག་གིས་གཟུགས་ མཐོང་བར་གྱུར། སེམས་ཅན་འོན་པ་རྣམས་ཀྱང་རྣ་བས་སྒྲ་ཐོས་པར་གྱུར། སེམས་ཅན་སྨྱོས་པ་རྣམས་ཀྱང་དྲན་པ་རྙེད་པར་གྱུར་སེམས་ཅན་དབང་པོ་ཐམས་ཅད་མ་ཚང་བ་ [21B]ནོ། །ཤཱ་རད་ཏིའི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་ པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་དེ་ན་དེའི་ཚེ་སེམས་ཅན་འགའ་ཙམ་ཡང་གཤིས་ངན་དུ་འཆི་བའི་དུས་བྱེད་པར་གྱུར་པ་མེད་དེ། ཤཱ་རད་ཏིའི་བུ་དཔེར་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དེའི་ཚེ་སེམས་ ཅན་འགའ་ཙམ་ཡང་གཤིས་ངན་དུ་འཆི་བའི་དུས་བྱེད་པར་གྱུར་པ་མེད་པ་བཞིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་ལྷའི་དྲི་བསུང་ཡིད་དུ་འོང་བ་དག་ཀྱང་བྱུང་བར་གྱུར་ཏེ། ཤཱ་རད་ཏིའི་བུ། དཔེར་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ [22A]༄༅། །པར་རྫོགས་པར་སངས་རྒྱས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ལྷའི་དྲི་ བསུང་ཡིད་དུ་འོང་བ་དག་བྱུང་བར་གྱུར་པ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས། ཀྱེ་མ་བྱང་ཆུབ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ནི། དེ་ལྟར་ལུང་བསྟན་པ་ཉིད་ན་ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར་གྱུར་བ་ ལས་ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ནི། ཡོན་ཏན་གྱི་ཆོས་ཆེན་པོ་དང་ལྡན་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ལུང་བསྟན་པ་ན། ཡོན་ཏན་བརྗོད་པ་དེ་དག་ཉི་ཚེར་ཡང་མ་ཟད་དེ། ཤཱ་རད་ ཏིའི་བུ༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ནི། ཡོན་ཏན་མཐའ་ཡས་པ་གཞན་དག་གི་ཕ་རོལ་ཏུ་ཕྱིན་པར་གྱུར་པ་ཡང་ཡིན་ནོ། །ཤཱ་རད་ཏིའི་ [22B] གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པ་གང་དག་འཁོད་ པ་དེ་དག་ཐམས་ཅད་སེམས་དགའ་བ་དང། སེམས་ཉམས་བདེ་བར་གྱུར་ཏེ། ཤཱ་རད་ཏིའི་བུ། དཔེར་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནས་ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པ་གང་དག་ འཁོད་པ་དེ་དག་ཐམས་ཅད་སེམས་དགའ་བ་དང། སེམས་ཀྱི་ཉམས་བདེ་བར་གྱུར་པ་བཞིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་ བསྟན་པ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེ་གང་དག་འཁོད་པ་དེ་དག་ཐམས་ཅད་དེའི་ཕྱི་བཞིན་དུ་འབྲང་བར་ [23A]༄༅། །གྱུར་ཏེ༑ ཤཱ་རད་ཏིའི་བུ། དཔེར་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཐམས་ཅད་ མཁྱེན་པའི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེ་གང་དག་འཁོད་པ་དེ་དག་ཐམས་ཅད་ ངའི་ཕྱི་བཞིན་འབྲང་བར་གྱུར་པ་བཞིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ན་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་གང་དག་འཁོད་པ་དེ་དག་ ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་མེ་ཏོག་དང། སྤོས་དང་བདུག་པ་དག་གིས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་ག་ལ་བདེ་ལོགས་སུ་གཏོར་རབ་ཏུ་གཏོར། མངོན་པར་རབ་ཏུ་གཏོར་བར་གྱུར་ཏེ། ཤཱ་རད་ཏིའི་བུ། དཔེར་ན་ [23B]པར་རྫོགས་པའི་སངས་རྒྱས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ གྱི་ཁམས་འདི་ན་ལྷ་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ ཅད་ཀྱིས་ང་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་མེ་ཏོག་དང། སྤོས་དང། བདུག་པ་དག་གིས་ང་ག་ལ་བ་དེ་ལོགས་སུ་གཏོར། རབ་ཏུ་གཏོར་མངོན་པར་རབ་ཏུ་གཏོར་བར་གྱུར་པ་ བཞིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་མི་བྱེ་བ་ཕྲག་ཉི་ཤུ་ དང། ལྷ་བྱེ་བ་ཕྲག་སུམ་ཅུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཤཱ་རད་ཏིའི་བུ། གཞན་ཡང་དེ་བཞིན་ [24A]༄༅། །གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་ དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ད་ དང། པདྨ་དཀར་པོ་དག་གིས་ཀུན་ཏུ་ཁེབས་པར་གྱུར་ཏེ། ཤཱ་རད་ཏིའི་བུ། དཔེར་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། མེ་ཏོག་ཨུཏྤ་ལ་དང། པདྨ་དང། ཀུ་མུ་ད་དང། པདྨ་དཀར་པོ་དག་གིས་བྱང་ཆུབ་ཀྱི་སྙིང་པོ་ཀུན་ཏུ་ཁེབས་པར་གྱུར་པ་ བཞིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་སྟེང་གི་བར་སྣང་ལ་འཁོད་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་གོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ [24B]ནས་ཚིག་འདི་སྐད་ཅེས། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་འདི་མྱུར་དུ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག་ཅེས་སྨྲས་སོ། །ཤཱ་རད་ཏིའི་བུ། དཔེར་ན་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་སངས་རྒྱས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་སྟེང་གི་བར་སྣང་ལ་འཁོད་ནས་ང་ལ་མཆོད་པ་བྱ་ བའི་ཕྱིར་ལྷའི་གོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་ང་ག་ལ་བ་དེ་ལོགས་སུ་བོར་བ་བཞིན་ནོ། །ཤཱ་རད་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དགའ་བར་གྱུར་པ་ཙམ་དུ་ཕ་མ་དག་བུ་ལ་དགའ་བ་མ་ཡིན་ཏེ། ཤཱ་ རད་ཏིའི་བུ། དཔེར་ན། ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་ [25A]༄༅། །སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དགའ་བར་གྱུར་པ་ཙམ་དུ་ཕ་མ་དག་བུ་ལ་ དགའ་བ་མ་ཡིན་པ་བཞིན་ནོ། །བམ་པོ་གཉིས་པ། ཤཱ་རད་ཏིའི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་སྤྱན་ཆེན་པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང། འདི་ལྟར་སངས་ རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང། མི་གང་དག་འཁོད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་མི་འཁྲུགས་པ་དེ་ལུང་བསྟན་པ་ཐོས་པར་གྱུར་ཏོ། །དེ་ལ་ལུང་བསྟན་པ་ཐོས་ནས་ཀྱང་འདོད་པའི་ཁམས་ཀྱི་སེམས་ཅན་གང་ཡིན་པ་དེ་དག་སྦྱིན་ཞིང་བསོད་ནམས་ དག་ཀྱང་བྱེད་དེ། འདི་ལྟ་སྟེ། བཟའ་བ་དང། བཅའ་བ་དང། མྱང་བ་རྣམ་པ་སྣ་ཚོགས་ངག་སྦྱིན་པ་བྱིན་པར་གྱུར་ཏོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ཟླ་བ་བཞི་ པོ་སྟོན་ཟླ་ཐ་ཆུང་གི་ཟླ་བ་ཉ་བ་ལ་ཀུ་མུ་དའི་དུས་སྟོན་གྱི་ཚེ་ན་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། བཟའ་བ་དང་ [25B] མྱང་བ་རྣམ་པ་སྣ་ཚོགས་དག་གི་སྦྱིན་པ་གཏོང་བར་བྱེད་དོ། །ཤཱ་རད་ཏིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་ཆེན་ པོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་དེའི་འདོད་པའི་ཁམས་ཀྱི་སེམས་ཅན་རྣམས་ཀྱང་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། བཟའ་བ་དང་བཅའ་བ་དང། མྱང་བ་རྣམ་པ་སྣ་ཚོགས་ དག་གི་སྦྱིན་བ་བྱེད་པར་གྱུར་ཏོ། །ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྣམས་ཀྱིས་ཀྱང་ལྷའི་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་མངོན་པར་རབ་ཏུ་དཀྲོལ་ནས་ཨ་ལ་ལ་ཞེས་ཅ་ཅོ་ དང། ག་ཞའི་སྒྲ་དག་ཀྱང་ཕྱུང་པར་གྱུར་ཏོ། །ཤཱ་རད་ཏིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ལུང་བསྟན་པ་ན། དེ་ལྟ་བུའི་ཡོན་ཏན་ དག་དང་ལྡན་པར་གྱུར་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དེ་བཞིན་གཤེགས་པའི་མཁྱེན་པ་ཞིབ་མོས་འདི་ལྟར་ལེགས་པར་གསུངས་པ་དེ་དག་ [26A]༄༅། །ནི༑ ངོ་མཚར་ཏེ། བཙུན་པ་བཅོམ་ལྡན་འདས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ནི། བསམ་གྱིས་མི་ཁྱབ་ལགས་ སོ༑ ༑བསམ་གཏན་པ་རྣམས་ཀྱི་བསམ་གཏན་གྱི་ཡུལ་ཡང་བསམ་གྱིས་མི་ཁྱབ། ཀླུ་རྣམས་ཀྱི་ཀླུའི་ཡུལ་ཡང་བསམ་གྱིས་མི་ཁྱབ། ལས་རྣམས་ཀྱི་ལས་ཀྱི་རྣམ་པར་ སྨིན་པ་ཡང་བསམ་གྱིས་མི་ཁྱབ་ལགས་སོ། །བཙུན་པ་བཅོམ་ལྡན་འདས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་དང་པོ་སེམས་ བསྐྱེད་པ་ཉིད་ནས་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དག་ཡོངས་སུ་ཟིན་ཅིང། བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་ ཡོན་ཏན་དེ་ལྟ་བུ་དང་ལྡན་པ་དེའི་ལུང་བསྟན་པ་དེ་ཡང་བསམ་གྱིས་མི་ཁྱབ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་མི་འཁྲུགས་པ་དེའི་ལུང་བསྟན་པ་ནི། བསམ་གྱིས་མི་ཁྱབ་བོ། །དེ་ནས་ཚེ་དང་ལྡན་པ་[?]དགའ་བོས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། ། [26B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་དབང་པོ་སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་ཡོངས་སུ་བརྗོད་པ་དེ་དག་ནི་ དེ་ བཞིན་གཤེགས་པས་ཕྱོགས་ཙམ་ཞིག་མདོར་བསྡུས་ཏེ་གསུངས་པར་ཟད་ཀྱི། རྒྱ་ཆེར་བསྟན་པ་ནི། མ་ཡིན་ནོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་ ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ། དེ་དེ་བཞིན་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ། བྱང་ཆུབ་སེམས་དཔའ་ཆེན་པོ་མི་ འཁྲུགས་པ་དེའི་དང་པོ་སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་ཡོངས་སུ་བརྗོད་པ་དེ་དག་ནི། དེ་བཞིན་གཤེགས་པས་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་ དང་ལྡན་པ་ཀུན་དགའ་བོ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ནི། དང་པོ་སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ ལྡན་པའི་ཕྱིར་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ། དེའི་ཕྱིར་རྣ་བ་ལྷོགས་ཏེ་ཉོན་ཅིག་དང། བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་སྟན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་ དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་དང་པོ་ [27A]༄༅། །སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་དང། ཕན་ཡོན་མདོར་བསྡུས་ཏེ་བཀའ་སྩལ་ལགས་ན། བཙུན་པ་བཅོམ་ལྡན་འདས། ད་ལྟར་དང། མ་འོངས་ པའི་བྱང་ཆུབ་སེམས་དཔའ་རྣམས་རྗེས་སུ་གཟུང་བའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་དང་པོ་སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་ཡོངས་སུ་བརྗོད་པ་དག་ཤིན་ཏུ་ལེགས་པར་བསྟན་ཅིང་རྒྱ་ཆེར་ བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེའི་དང་པོ་སེམས་བསྐྱེད་པའི་གོ་ཆའི་ཡོན་ཏན་ཡོངས་སུ་བརྗོད་པ་ནི། བསམ་གྱིས་མི་ཁྱབ་མོད་ཀྱི། ཤཱ་རད་ཏིའི་བུ། འོན་ཀྱང་ ཕྱོགས་ཙམ་ཞིག་བསྟན་པར་བྱའི། དེ་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་ཟུངས། ཤིག་དང་བཤད་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས། བཙུན་པ་ བཅོམ་ལྡན་འདས། དེ་བཞིན་ནོ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ་ [27B]སྙམ་དུ་ནམ་མཁའི་ཁམས་ནི། གཞན་དུ་འགྱུར་ཡང་སྲིད་ཀྱི། བདག་གིས་དམ་བཅས་པ་ནི། གཞན་དུ་ མི་འགྱུར་བར་བྱའོ། །ཞེས་སེམས་བསྐྱེད་དེ། ཤཱ་རད་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེ་ནི། གོ་ཆ་ཆེན་པོ་དེ་ལྟ་བུའི་གོ་ཆ་ཆེན་པོ་བགོས་ པར་འགྱུར་ཏོ། །ཤཱ་རད་ཏིའི་བུ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པས་གོ་ཆ་ཆེན་པོ་བགོས་པར་གྱུར་པ་དེ་ལྟ་བུའི་གོ་ཆ་ཆེན་པོ་དག་བགོས་པའི་བྱང་ ཆུབ་སེམས་དཔའ་ནི། ངས་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་གཅིག་ཀྱང་དག་པར་རྗེས་སུ་མ་མཐོང་ངོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རིན་པོ་ཆེའི་ཏོག་གི་སྤྱོད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པའི་སྤྱོད་པའི་ཆར་ཡང་ཉེ་བར་མི་འགྲོ་སྟེ། ཤཱ་རད་ ཏིའི་བུ༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་གོ་ཆ་ཆེན་པོ་གང་བགོས་པར་གྱུར་པའི་གོ་ཆ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་ པོ་དང། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དང། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ [28A]༄༅། །ལ་ཡང་མེད་དོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུགས་པ་དེས་དེ་ལྟར་བརྟན་པའི་བརྩོན་འགྲུས་ཆེན་པོ་ཡང་ དག་བར་བླངས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མི་འཁྲུགས་པ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ན་ད་ལྟར་ཡང་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །ཤཱ་རད་ཏིའི་ བུ༑ ངས་མངོན་པར་ཤེས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་ དཔའི་སྤྱད་པ་སྤྱོད་པ་ན་གང་གིས་ལག་པའམ། རྐང་པའམ་མྒོའམ། མིག་གམ། ཡན་ལག་དང་ཉིང་ལག་གང་ཡང་རུང་བ་དག་བསླངས་པ་ན་མ་བྱིན་པ་གང་ཡང་ མེད་དོ༑ ༑ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་དང་པོ་སེམས་བསྐྱེད་ པ་ནས་བཟུང་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཀླད་པ་ན་བར་མ་གྱུར། རླུང་ལས་གྱུར་པའམ། མཁྲིས་ [28B] བད་ཀན་ལས་གྱུར་པའམ། འདུས་པ་ལས་གྱུར་པའི་ནད་ཀྱིས་ཐེབས་པར་མ་གྱུར་ཏེ། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ངོ་མཚར་དང་རྨད་དུ་བྱུང་བའི་ཆོས་འདི་ཡང་བྱུང་ངོ། །ཤཱ་རད་ ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ ན་དེས་ཚེ་རབས་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །ཐམས་ཅད་དུ་ཡང་ཚངས་པར་སྤྱོད་པ་སྤྱད་ཅིང་ཐམས་ཅད་ དུ་ཡང་འདི་ལྟ་སྟེ། མི་འཁྲུགས་པ་ཞེས་བྱ་བའི་མིང་དེ་ཉིད་དུ་གྱུར་ནས་དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང། གང་ན་སངས་རྒྱས་བཅོམ་ལྡན་འདས་ གང་དག་མངོན་སུམ་དུ་བཞུགས་པ་དེ་དང་དེར་སྐྱེས་པར་གྱུར་ཏོ་།ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་ བསྐུར་བ། ཁང་བཟང་གི་སྟེང་ནས་ཁང་བཟང་གི་སྟེང་དུ་འགྲོ་ཡང་རྐང་མཐིལ་གྱིས་ས་ཆེན་པོ་ལ་འགྲོ་བར་མི་བྱེད་དོ། །དེ་ཁང་བཟང་མཆོག་དེ་དག་གི་སྟེང་དུ་འདུག་ནས་འདོད་ [29A]༄༅། །པའི་ཡོན་ཏན་ལྔ་པོ་དག་གིས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་ཅིང་ཚེ་ཟད་པར་འགྱུར་རོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡང་དེས་ཚེ་རབས་ ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱས་ཤིང་ཐུགས་བྱུང་བར་མ་བྱས་སོ། །ཐམས་ཅད་དུ་ཡང་ཚངས་པར་སྤྱོད་པ་སྤྱད་ཅིང་ཐམས་ཅད་དུ་ཡང་འདི་ ལྟ་སྟེ༑ མི་འཁྲུགས་པ་ཞེས་བྱ་བའི་མིང་དེ་ཉིད་དུ་གྱུར་ནས་དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་གང་ན་སངས་རྒྱས་བཅོམ་ལྡན་འདས་དག་མངོན་ སུམ་དུ་བཞུགས་པ་དེ་དང་དེར་སྐྱེས་པར་གྱུར་ཀྱང་རྐང་མཐིལ་གྱིས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་མི་བྱེད་དོ། །དེ་ཆོས་གང་དང་གང་སྟོན་པ་དེ་ཐམས་ཅད་ཀྱང་ཕ་རོལ་ ཏུ་ཕྱིན་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་གྱི། ཉན་ཐོས་ཀྱི་ས་ལས་བརྩམས་ཏེ་ཆོས་སྟོན་པ་ནི། ཉུང་ངོ། །གལ་ཏེ་ཉན་ཐོས་ཀྱི་ས་ལས་བརྩམས་ཏེ་ཆོས་སྟོན་ན་ཡང་ དེ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་ཏོ། །གལ་ཏེ་རང་སངས་རྒྱས་ཀྱིས་ལས་བརྩམས་ཏེ་ཆོས་སྟོན་ན་ཡང། དེ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་ [29B] །དེས་ཕ་རོལ་ཏུ་ཕྱིན་པ་ལས་བརྩམས་ཏེ་ཆོས་བསྟན་པས་སེམས་ཅན་རྣམས་བྱང་ཆུབ་ལ་བཏུལ་ཅིང་བཙུད་དེ་རབ་ཏུ་བཀོད་ཅིང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ནས་དེ་དག་ལ་ཡང་དག་པར་སྟོན། ཡང་དག་བར་འཛིན་དུ་བཅུག་ཡང་དག་པར་གཟེངས་བསྟོད། ཡང་དག་པར་ རབ་ཏུ་དགའ་བར་བྱེད་དེ། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བརྩོན་འགྲུས་བརྟན་པའི་གོ་ཆ་ཆེན་པོ་དེ་ལྟ་བུ་དང་ལྡན་པར་གྱུར་ཏོ། །དེ་ཆོས་ཀྱི་སྦྱིན་པ་དེའི་དགེ་བའི་རྩ་བ་ཡང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཏེ། ཀྱེ་མ་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ ཆོས་སྟོན་པའི་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དག་འབྱུང་བར་འགྱུར་ཞིང། དེ་དག་ཐམས་ཅད་སངས་རྒྱས་ ཀྱི་མཐུས་ཆོས་བསྟན་པ་འདི་ཉན་པར་གྱུར་ཅིག་ཐོས་ནས་ཀྱང་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པར་འགྱུར་ཞིང། གཞན་དག་ལ་ཡང་རྒྱ་ [30A]༄༅། །ཆེར་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག་ཚེ་རབས་བརྗེས་ནས་ཀྱང་ཆོས་དེ་དག་མི་བརྗེད་བར་གྱུར་ཅིག་ཇི་ལྟར་བདག་ད་ལྟར་སངས་རྒྱས་ཀྱི་ ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་བཞིན་དུ་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་བཅོམ་ལྡན་འདས་རྣམས་དང་མི་འབྲལ། སངས་ རྒྱས་ཀྱི་ཞིང་གང་དང་གང་དུ་སྨོན་པར་གྱུར་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་གྱུར་ཅིག་གང་དག་དགའ་ལྡན་གྱི་གནས་སུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ནི། མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། འདི་ནི། ཆོས་ཉིད་དེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྲིད་པ་ཐ་མ་པ་རྣམས་ནི། དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་ལུས་ཐ་མས་མའི་གློ་གཡས་པ་ནས་མངལ་དུ་སྐྱེ་བར་འགྱུར་ཏེ། ཤཱ་རད་ཏིའི་ བུ༑ གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲིད་པ་ཐ་མ་བ་དག་སྐྱེ་བ་ནས་ཆེན་པོ་ཡང་གཡོ་བར་འགྱུར་བའི་ཕྱིར་རོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་ [30B] འདི་དག་ཡིན། རྟགས་ནི། འདི་དག་ཡིན། མཚན་མ་ནི། འདི་དག་ཡིན་ཏེ། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྲིད་པ་ཐ་མ་པ་ནི། མའི་མངལ་དུ་ཞུགས་པ་ན་མི་གཙང་བ་དྲི་ང་བས་གོས་པར་མི་འགྱུར། དེར་ཡིད་དུ་མི་འཐད་པའི་དྲི་དག་ཀྱང་ཚོར་བར་མི་འགྱུར་ རོ༑ ༑བྱང་ཆུབ་སེམས་དཔའ་མངལ་ན་འདུག་པ་ན་ཡང་ནམ་མཁའ་ལ་གནས་སོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། རྣལ་འབྱོར་སྤྱོད་པའི་དགེ་སློང་རྫུ་འཕྲུལ་དང་ལྡན་ པ་ནི༑ ཁང་པ་བརྩེགས་པའམ། ཁང་པ་བརྩེགས་པ་བརྒྱུད་མར་ཞུགས་ནས་བར་སྣང་གི་ནམ་མཁའ་ལ་མངོན་པར་འཕགས་ཤིང་སྤྱོད་ལམ་གྱིས་གནས་པར་བྱེད་ཀྱང་ཁང་པ་ བརྩེགས་པ་དེ་ལ་རེག་པ་མེད་དོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་མའི་མངལ་ན་གནས་པ་ནམ་མཁའ་ལ་མངོན་པར་འཕགས་ནས་ གནས་ཏེ། མངལ་གྱི་དྲི་མ་དང། མི་གཙང་བ་དྲི་ང་བས་མི་གོས་པར་གནས་ཤིང། དེར་ཡིད་ལ་མི་འཐད་པའི་དྲི་དག་ཀྱང་ཚོར་བར་མི་འགྱུར་རོ། །ཤཱ་རད་ཏིའི་བུ། ཡང་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་གྱི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདི་སྙམ་དུ་ [31A]༄༅། །སེམས་ཏེ། ཇི་ལྟར་བདག་ད་ལྟར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདུད་ཐམས་ཅད་ཀྱིས་གླགས་མི་རྙེད་པར་འགྱུར་བ་དེ་བཞིན་དུ་བདག་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་ཀྱ་ཐེག་པའི་ རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་གང་དག་བྱུང་བ་དེ་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་བར་ རྫོགས་པར་སངས་རྒྱས་ཀྱི་བར་དུ་བདུད་དང། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་གླགས་མི་རྙེད་པར་གྱུར་ཅིག་ ཇི་སྲིད་དུ་བྱང་ཆུབ་སེམས་དཔའ་དེ་དག་གིས་ཡོན་ཏན་ཕུན་སུམ་ཚོགས་པ་དེ་དག་ཡོངས་སུ་ཟིན་པར་མ་གྱུར་པ་དེ་སྲིད་དུ་བདག་ཀྱང་བྱང་ཆུབ་ཀྱི་ཕྱིར་སྤྱོད་པར་གྱུར་ཅིག་ སྙམ་མོ༑ ༑ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་ སེམས་དཔའི་སྤྱད་པ་སྤྱོད་པ་ན་ཆོས་སྟོན་པའམ། ཆོས་ཉན་པའི་ཚེ་ལན་འགའ་ཡང་དེའི་ལུས་ལ་ངལ་བའམ། སེམས་ངལ་བར་གྱུར་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་ [31B] འདི་ལྟར་དེ་བཞིན་གཤེགས་པ་དེས་དང་པོ་སེམས་བསྐྱེད་པ་ནས་བཟུད་སྟེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཆོས་ཀྱི་སྐུ་རབ་ཏུ་བསྒོམས་པར་གྱུར་པའི་ ཕྱིར་རོ༑ ༑ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་ སེམས་དཔའི་སྤྱད་པ་སྤྱོད་ཅིད་ཆོས་ཉན་པ་ན་འདི་སྙམ་དུ་སེམས་ཏེ། ཇི་ལྟར་བདག་ད་ལྟར་ཆོས་འདོད་པ་དེ་བཞིན་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱང་ཆོས་མི་འདོད་པར་མི་འགྱུར་ཞིང་ཆོས་འདོད་པར་གྱུར་ཅིག་སྙམ་མོ། །འཕགས་ པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། མི་འཁྲུགས་པའི་བཀོད་པ་ཡོངས་སུ་བརྗོད་པ་ཞེས་བྱ་བ་སྟེ། ལེའུ་དང་པོ་རྫོགས་ སོ༑༑ །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་བར་རྫོགས་པའི་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་ [32A]༄༅། །སྤྱད་པ་སྤྱོད་པའི་ཡོན་ཏན་ཡོངས་སུ་བརྗོད་པ་དག་ནི་ལེགས་པར་བཀའ་སྩལ་ལགས་ན། བཙུན་པ་བཅོམ་ལྡན་འདས་ཀྱིས་ད་ཡང་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་ པ་མ་ཆིས་པ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་ དག་གིས་སངས་རྒྱས་ཀྱི་ཞིང་དེའི་ཡོན་ཏན་བཀོད་པ་ཐོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་ཡང་བལྟ་བ་དང། ཕྱག་བགྱི་བ་དང། མཆོད་པ་བགྱི་བ་དང། བསྙེན་བཀུར་བགྱི་བ་དང། མཉེས་པར་ བགྱི་བའི་སླད་དུ་འདུན་པ་སྐྱེ་བར་འགྱུར་བ་དང། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་སྐྱོན་མ་མཆིས་པར་མ་ཞུགས་པ་དག་གིས་ཀྱང་སངས་རྒྱས་ ཀྱི་ཞིང་དེའི་ཡོན་ཏན་བཀོད་པ་ཐོས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་བལྟ་བ་ [32B] ཕྱག་བགྱི་བ་དང། མཆོད་པར་བགྱི་བ་དང། བསྙེན་བཀུར་བགྱི་བ་དང། མཉེས་པར་བགྱི་བའི་སླད་དུ་འདུན་པ་སྐྱེ་བར་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་ དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། ལེགས་སོ། །ལེགས་སོ། །ཤཱ་རད་ཏིའི་བུ། ཁྱོད་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ ཡོད་པ་འདྲི་བར་སེམས་པ་ནི། ཡང་ཁྱོད་ལེགས་སོ། །ཤཱ་རད་ཏིའི་བུ། དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་འདི་ལྟར་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་ པ་ཡོད་པ་བཤད་པར་བྱའོ། །ཤཱ་རད་ཏིའི་བུས་བཅོམ་ལྡན་འདས་དེ་བཞིན་ནོ། །ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་བཅོམ་ལྡན་འདས་ཀྱིས་དེ་ ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱིས་དེང་ནས་ཞག་བདུན་ན་ [33A]༄༅། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་ཤེས་ནས་སེམས་ཅན་དེ་དག་ཐམས་ཅད་ཁ་ཟས་ཀྱི་འདུ་ཤེས་ཀུན་ཏུ་བྱུང་བར་མ་གྱུར་ཏོ། །བཀྲེས་པའི་འདུ་ཤེས་མ་བྱུང་ སྐོམ་པའི་འདུ་ཤེས་མ་བྱུང། མལ་དུ་ཉལ་བའི་འདུ་ཤེས་མ་བྱུང་ལུས་དང་སེམས་ངལ་བའི་འདུ་ཤེས་མ་བྱུང་གི་གཞན་དུ་ན་སེམས་ཅན་དེ་དག་ཐམས་ཅད་བདེ་ བའི་འདུ་ཤེས་དང་ལྡན་པར་གྱུར་ཏེ། དགའ་བ་དང། མཆོག་ཏུ་དགའ་བའི་འདུ་ཤེས་དང། སེམས་རངས་པ་དང། སེམས་ཀྱི་ཉམས་བདེ་བ་དང་ལྡན་པར་གྱུར་ཏོ། །དེ་ ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་ བྱང་ཆུབ་སེམས་དཔའ་སྦྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་དེ་དག་ཐམས་ཅད་ཀྱིས་ཀྱང་དེ་ལྟ་བུའི་ཡོན་ཏན་དག་ཡོངས་སུ་ཟིན་པར་གྱུར་པའི་ཕྱིར་རོ། །ཤཱ་རད་ ཏིའི་བུ༑ གཞན་ཡང་དེའི་ཚེ་འཇིག་རྟེན་གྱི་ཁམས་དེ་ན་མི་གང་དག་དང། འདོད་པ་ན་སྤྱོད་པའི་ལྷ་གང་དག་འཁོད་པ་དེ་དག་གིས་དེང་ནས་ཞག་བདུན་ན་བཅོམ་ལྡན་ [33B]པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ འཚང་རྒྱ་བར་ཤེས་ནས་དེ་དག་འཁྲིག་པ་སྤྱོད་པའི་འདུ་ཤེས་ཀུན་ཏུ་མ་བྱུང་བར་འགྱུར་ཏོ༑ །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པའི་ཕྱིར་རོ། །ཤཱ་རད་ ཏིའི་བུ༑ ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་སྣང་བ་ཆེན་ པོས་ཁྱབ་པར་གྱུར་ཅིང། ས་ཆེན་པོ་ཡང་རྣམ་པར་དྲུག་ཏུ་གཡོས་པར་གྱུར་ཏེ། འདི་ལྟར་གཡོས། རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ ཏུ་འགུལ། ལྡེག། རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས། རབ་ཏུ་འཁྲུགས། ཀུན་ཀུན་རབ་ཏུ་འཁྲུགས། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ [34A]༄༅། །ཆེམ༑ རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་པར་གྱུར་ཏེ། ཤཱ་རད་ཏིའི་བུ། དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་ཟིན་པར་གྱུར་པ་ཡིན་ནོ། །ཤཱ་རད་ཏིའི་བུ། ཡང་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་སངས་རྒྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང། མི་ གང་དག་འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ཞིང་འཁོད་པར་གྱུར་ཏོ། །ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ [34B]ཀྱི་ཡེ་ཤེས་བརྙེས་པའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་ཟིན་པར་གྱུར་པ་ཡིན་ ནོ༑ ༑ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་ སུ་ཟིན་པར་གྱུར་པ་གང་ཡིན་པ་དག་དང། ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ དེའི་སངས་རྒྱས་ཀྱི་ཞིང་ན་ད་ལྟར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་ཟིན་པ་གང་ཡིན་པ་དེ་དག་ནི། སངས་རྒྱས་བརྒྱ་ཕྲག་མང་པོ་དང། སངས་རྒྱས་སྟོང་ཕྲག་ མང་པོ་དང། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ལ་ཡང་མེད་དེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་ [35A]༄༅། །པ་ཡིན་ནོ། །ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ནི། སྨོན་ལམ་གྱི་ཁྱད་པར་གྱིས་འགྲུབ་སྟེ་ཤཱ་རད་ཏིའི་བུ། ཇི་ལྟར་ ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་ཇི་ལྟར་བཏབ་པ་དེ་ལྟར་གྱུར་པ་བཞིན་ནོ། །ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་ན། སྐད་ཅིག་དེ་དང། ཐང་གཅིག་དེ་དང། ཡུད་ཙམ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་གང་དག་ ལྷའི་མིག་དང་ལྡན་པ་དང། ལྷའི་མིག་དང་མི་ལྡན་པ་དག་འཁོད་པའི་སེམས་ཅན་དེ་དག་གི་མིག་ལམ་དུ་སྣང་བར་གྱུར་ཏེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་ པ་ཡིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བྱང་ཆུབ་ཀྱི་ [35B]བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་ན། བདུད་སྡིག་ ཅན་རྣམས་འདི་སྙན་དུ་ཅིའི་ཕྱིར་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འདི་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་ཆད་བྱ་བའི་ཕྱིར་ཕ་རོལ་གནོན་པར་བྱ་སྙམ་པའི་སེམས་མ་བསྐྱེད་དེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་ གྱིས་གྱུར་པ་ཡིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་དེའི་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་སྟེང་གི་པར་སྣང་ལ་འཁོད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ [36A]༄༅། །པ་དེ་ལ་མཆོད་པར་བྱ་བའི་ཕྱིར་ལྷའི་མེ་ཏོག་དང་ལྷའི་སྤོས་དང། ལྷའི་བདུག་པ་དང། ལྷའི་མེ་ཏོག་ཕྲེང་དང་ལྷའི་ཙནྡན་དང། ལྷའི་ཕྱེ་ མ་དང། ལྷའི་སིལ་སྙན་དང། ལྷའི་ན་བཟའ་དང། ལྷའི་གདུགས་དང། ལྷའི་རྒྱལ་མཚན་དང། ལྷའི་བ་དན་དང། ལྷའི་རིན་པོ་ཆེའི་རྒྱན་དག་གིས་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ག་ལ་བ་དེ་ལོགས་སུ་གཏོར། རབ་ཏུ་གཏོར་མངོན་པར་རབ་ཏུ་ གཏོར་ཏེ། མཆོད་པའི་ལས་ལ་བརྩོན་པར་གྱུར་ཏོ། །གཏོར་མ་ཐག་ཏུ་སངས་རྒྱས་ཀྱི་མཐུས་ལྷའི་མེ་ཏོག་དེ་དག་དང། ལྷའི་སྤོས་དེ་དག་དང། ལྷའི་བདུག་པ་དེ་ དག་དང། ལྷའི་མེ་ཏོག་ཕྲེང་དེ་དག་དང། ལྷའི་ཙནྡན་དེ་དག་དང། ལྷའི་ཕྱེ་མ་དེ་དག་དང། ལྷའི་སིལ་སྙན་དེ་དག་དང་ལྷའི་ན་བཟའ་དེ་དག་དང། ལྷའི་གདུགས་དེ་ དག་དང། ལྷའི་རྒྱལ་མཚན་དེ་དག་དང། ལྷའི་བ་དན་དེ་དག་དང། ལྷའི་རིན་པོ་ཆེའི་རྒྱན་དེ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དབུའི་གཙུག་གི་དྲང་ཐད་ཀྱི་སྟེང་གི་ནམ་མཁའ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་གདུགས་དཔག་ཚད་བརྒྱའི་ [36B] ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤཱ་རད་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྐུའི་འོད་ དག་གིས་ཉི་མ་དང། ཟླ་བ་དག་གི་འོད་ཟིལ་གྱིས་མནན་ནས་མོག་མོག་པོར་བྱས་ཏེ་མི་མངོན་གྱི། གཞན་དུ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །ཤཱ་རད་ཏིའི་བུ། གཞན་ ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ [37A]༄༅། །ཁམས་དེའི་ཉི་མ་དང། ཟླ་བ་དག་གི་འོད་དང། ལྷ་ཐམས་ཅད་ཀྱི་འོད་དག་ཀྱང་ཟིལ་གྱིས་མནན་ཅིང་མོག་མོག་པོར་བྱས་ནས་མིག་ལམ་དུ་ཡང་ མི་སྣང་བར་གྱུར་ཏེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་ བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། ཀྱེ་མ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་སྤྱོད་པ་ནི་ཇི་ཙམ་དུ་གོ་ཆ་ཆེན་པོ་བགོས་ཤིང་སྨོན་ལམ་གྱི་ཁྱད་པར་རྒྱ་ཆེན་པོ་དེ་ལྟ་བུ་དག་ཏུ་གྱུར་པ་དང་ སྔོན་བྱང་ཆུབ་སེམས་དཔའི་སྦྱད་པ་སྤྱོད་པ་ན་དེས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ཕྲག་མང་པོ་དང་སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང། སྲོག་ ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དཔག་ཏུ་མ་མཆིས། གྲངས་མ་མཆིས། བརྗོད་དུ་མ་མཆིས། བརྗོད་དུ་མ་མཆིས་པའི་ཡང་བརྗོད་དུ་མ་མཆིས་པ་གང་དག་ [37B]བཀོད་ཅིང། དགེ་བའི་རྩ་བ་གང་དག་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་ བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ནས་ཇི་ལྟ་ཇི་ལྟར་ཡོངས་སུ་བསྔོས་པ་དེ་ལྟ་དེ་ལྟར་སྨོན་ལམ་ཡོངས་སུ་རྫོགས་པར་གྱུར་པ་ནི། ངོ་ མཚར་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།ཤཱ་རད་ཏིའི་བུ། དེ་དེ་བཞིན་ཏེ་ དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པ་དེ་ནི༑ སྔོན་བྱང་ཆུབ་སེམས་དཔའི་སྦྱད་པ་སྤྱོད་པ་ན་གོ་ཆ་ཆེན་པོ་བགོས་པར་གྱུར་པ་ཡིན་ནོ། །ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མི་འཁྲུགས་པ་དེ་བྱང་ཆུབ་ཀྱི་ཤིང་གང་གི་དྲུང་དུ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཤིང། རྣམ་པ་ཐམས་ཅད་ [38A]༄༅། །མཁྱེན་པ་ཉིད་ཀྱི་ཡེ་ཤེས་བརྙེས་པར་གྱུར་པའི་བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་འཕང་དུ་ནི། དཔག་ཚད་འབུམ་ཡོད། དེའི་སྡོང་པོའི་ འཕང་དུ་ནི། དཔག་ཚད་བརྒྱ་ཡོད། སྦོམ་དུ་ནི། རྒྱང་གྲགས་ཕྱེད་ཀྱིས་འཁོར་ལ། དེའི་ཡལ་ག་རྣམས་ནི། དཔག་ཚད་བདུན་སྟོང་ཡོད་དེའི་འཁོར་ཡུག་ཏུ་ནི། དཔག་ཚད་ བཞི་ཁྲི་ཡོད་དེ། བྱང་ཆུབ་ཀྱི་ཤིང་དེའི་ཡལ་ག་དང། ལོ་མ་དང། ཡལ་ག་ཕྲེའུ་དག་རླུང་གིས་ཀུན་ཏུ་བསྐྱོད་པ་ན་དེ་དག་ལས་སྙན་པ་དང། ཡིད་དུ་འོང་བ་དང། ཆགས་པར་ འགྱུར་བ་དེ་ལྟ་བུའི་སྒྲ་སྐད་དག་འབྱུང་སྟེ། ཤཱ་རད་ཏིའི་བུ། ཇི་ལྟར་བྱང་ཆུབ་ཀྱི་ཤིང་དེའི་ཡལ་ག་དང། ལོ་མ་དང་ཡལ་ག་ཕྲེའུ་དག་རླུང་གིས་ཀུན་ཏུ་བསྐྱོད་པ་ན་དེ་དག་ལས་ སྙན་པ་དང། ཡིད་དུ་འོང་བ་དང། ཆགས་པར་འགྱུར་བའི་སྒྲ་སྐད་བྱུང་བ་དེ་ལྟ་བུ་སྙན་པ་དང། ཡིད་དུ་འོང་བ་དང། ཆགས་པར་འགྱུར་བའི་སྒྲ་སྐད་དག་ནི། ལྷའི་སིལ་སྙན་ ལན་ལག་འབུམ་དང་ལྡན་པ་དག་རོལ་མོའི་སློབ་དཔོན་མཁས་པས་གསིལ་བ་དག་ལས་ཀྱང་འབྱུང་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཤིང་དེ་ལས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ དང། མངོན་པར་ཤེས་པ་དང། དབང་པོ་དང། སྟོབས་དང། བྱང་ཆུབ་ཀྱི་ཡན་ལག་དང། ལམ་གྱི་ཡན་ལག་ཐམས་ཅད་ཀྱི་སྒྲ་སྐད་ལྷའི་དབྱངས་ལས་ཤིན་ཏུ་འདས་པ་ [38B] སེམས་ཅན་གང་དག་གིས་སྒྲ་སྐད་དེ་དག་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་འདོད་ཆགས་དང་བྲལ་བའི་སེམས་རྗེས་སུ་དྲན་པ་ཞེས་བྱ་ བའི་ཏིང་ངེ་འཛིན་འཐོབ་བོ། །ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་ རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་བརྗོད་པ་དག་ལེགས་པར་རབ་ཏུ་ཉོན་ལ་ཚུལ་བཞིན་དུ་ཡིད་ལ་ཟུངས་ཤིག་དང། ངས་ཁྱོད་ལ་བཤད་པར་བྱའོ། །ཚེ་དང་ལྡན་པ་ཤཱ་ རད་ཏིའི་བུས་བཅོམ་ལྡན་འདས། ལེགས་སོ། །ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ ཏིའི་བུ༑ གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ངན་སོང་གསུམ་ པོ་དག་མེད་དེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང། དུད་འགྲོའི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་ནོ། །དེར་སེམས་ཅན་གང་དག་སྐྱེས་པར་གྱུར་ པ་དེ་དག་ཐམས་ཅད་ནི། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་ཤ་སྟག་གོ་ ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ལ་འདི་ལྟར་རྗེ་བོའམ་བྲན་གྱི་ [39A]༄༅། །བྱེ་བྲག་ཏུ་དབྱེ་བ་ཡང་མེད་དེ། །ཤཱ་རད་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེའི་མི་རྣམས་ལ་བཀོལ་བའི་ཆོས་ལྷུར་ལེན་པའི་བསམ་པ་ཡང་མེད་དོ། །དེ་ ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ལ་བདག་དང་བདག་གིར་ཡོངས་སུ་འཛིན་པ་མེད་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། ཡང་སངས་ རྒྱས་ཀྱི་ཞིང་དེའི་ས་གཞི་ཆེན་པོ་ཐམས་ཅད་ལག་མཐིལ་ལྟར་མཉམ་པ་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་ཞིང་གསེར་གྱི་ཁ་དོག་ལྟར་འདུག་ལ། ལྷའི་ནོར་བུ་རིན་པོ་ཆེས་ སྤྲས་ཤིང་པདྨ་གསེར་གྱི་ཁ་དོག་ཅན། འདབ་མ་བྱེ་བ་ཕྲག་བརྒྱ་སྟོང་དང་ལྡན་པ་དག་གིས་ལེགས་པར་བརྒྱན་ལ། མེ་ཏོག་མནྡཱ་ར་བ་དང། མནྡཱ་ར་བ་ཆེན་པོ་དག་མངོན་ པར་བཀྲམ་པ། སྡོང་དུམ་དང། ཚེར་མ་དང། གྱོ་མོ་དང། གསེག་མ་མེད་པ། ངམ་གྲོག་དང། གད་པ་དང། མི་གཙང་བ་དོར་བའི་ས་མེད་པ། རྡོ་བ་དང་རི་མེད་པ་སྟེ། ཤཱ་ རད་ཏིའི་བུ། ས་གཞི་ཆེན་པོ་དེ་ལ་རྐང་པ་བཞག་ན་ནི། ནེམ་ཞེས་བྱེད། རྐང་པ་བཏེག་ན་ནི། སྤར་ཞེས་བྱེད་དེ། ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ཤིང་བལ་གྱི་སྔས་ ནང་ཚངས་ཅན་གྱི་སྟེང་དུ་མགོ་བཞག་ན་ནི། ནེམ་ཞེས་བྱེད། མགོ་བཏེག་ན་ནི། སྤར་ཞེས་བྱེད་པ་དེ་བཞིན་དུ་ཤཱ་རད་ཏིའི་བུ། ས་གཞི་ཆེན་པོ་དེ་ལ་ཡང་རྐང་པ་བཞག་ན་ནི། ནེམ་ [39B] རྐང་པ་བཏེག་ན་ནི། སྤར་ཞེས་བྱེད་དོ། །ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེའི་མི་རྣམས་ལ་རླུང་ལས་གྱུར་པ་དང། མཁྲིས་པ་ལས་གྱུར་པ་དང། བད་ ཀ་ན་ལས་གྱུར་པ་དང། འདུས་པ་ལས་གྱུར་པའི་ནང་རྣམས་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །ཤཱ་རད་ཏིའི་བུ། གཞན་ཡང་སངས་རྒྱས་ཀྱི་ཞིང་དེའི་མི་རྣམས་ལ་ཁ་དོག་ངན་ པ་དང། དྲི་མི་ཞིམ་པ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་།དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་དེ་དག་ནི། འདོད་ཆགས་ཆུང་བ་དང། ཞེ་ སྡང་ཆུང་བ་དང། གཏི་མུག་ཆུང་བའི་ཕྱིར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་དེ་དག་ལ་གསད་པ་དང། བཅིང་བ་དང། གོ་རར་ གཞུག་པ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེ་ན་མུ་སྟེགས་ཅན་གྱི་གནས་དག་ཐམས་ ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ་།ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེ་ན་ཤིང་ལྗོན་པ་རྣམས་རྟག་ཏུ་མེ་ཏོག་ཆགས་ཤིང། རྟག་ཏུ་འབྲས་ བུ་ཆགས་པ་ཤ་སྟག་གོ་ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེ་ན་མི་རྣམས་ཀྱི་གོས་ནི། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་ཁ་དོག་རྣམ་པ་ལྔས་གོས་ཀྱི་བྱ་བ་བྱེད་ [40A]༄༅། །དེ༑ གོས་དེ་དག་ཀྱང་མདོག་གསལ་ཞིང་དྲི་ཞིམ་པོ་དང་ལྡན་ལ་ཁ་དོག་མི་ཉམས་པ་ཤ་སྟག་སྟེ། ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ལྷའི་ མེ་ཏོག་རྣམས་ཀྱི་དྲི་བསུང་སྣ་ཚོགས་ཅི་འདྲ་བ་དེ་བཞིན་དུ། ཤཱ་རད་ཏིའི་བུ། དེ་དག་གི་གོས་ཀྱི་དྲི་ཡང་དེ་འདྲ་ལ། དཔག་བསམ་གྱི་ཤིང་དེ་ལ་འདུག་པ་ན་དེ་དག་གི་དྲི་ཅི་འདྲ་ བ་དེ་བཞིན་དུ་དེ་དག་གིས་ཡོངས་སུ་སྤྱད་པ་ན་ཡང་དྲི་དེ་དང་འདྲ་བ་ཉིད་དུ་འགྱུར་བས། གོས་དེ་དག་གི་དྲི་དང། ཁ་དོག་ལ་ཉམས་པར་འགྱུར་བ་ཡང་མེད་ལ། ཤཱ་རད་ཏིའི་བུ་ མི་དེ་དག་གི་གོས་རྣམས་ཤིན་ཏུ་མང་ཤིང་ཕལ་ཆེ་བའི་ཕྱིར་དེ་དག་ཡང་དང་ཡང་དུ་གོས་བརྗེ་ཞིང་བརྗེ་ཞིང་གྱོན་པར་བྱེད་དོ་།ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེ་ན་ མི་དེ་དག་ཁ་ཟས་ཇི་ལྟ་བུ་དག་འདོད་པ་དེ་ལྟ་བུའི་ཁ་ཟས་དག་མདུན་དུ་རིན་པོ་ཆེའི་སྣོད་དག་ནས་འབྱུང་སྟེ། ཤཱ་རད་ཏིའི་བུ་འདི་ལྟ་སྟེ། དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་ རྣམས་ཡིན་ལ་ཅི་བསམ་པའི་ཁ་ཟས་དག་འབྱུང་བ་བཞིན་དུ་ཤཱ་རད་ཏིའི་བུ། འཇིག་རྟེན་གྱི་ཁམས་དེ་ན་མི་དེ་དག་ཀྱང་ཁ་ཟས་ཇི་ལྟ་བུ་དག་འདོད་པ་དེ་ལྟ་བུའི་ཁ་ཟས་དག་ མདུན་དུ་རིན་པོ་ཆེའི་སྣོད་དག་ནས་འབྱུང་ངོ། །ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེ་ན་མི་དེ་དག་གི་ཁ་ཟས་གང་ཡིན་པའི་ཁ་ཟས་དེ་དག་ནི། ཁ་དོག་གམ། དྲིའམ་ [40B] །ཤཱ་རད་ཏིའི་བུ་ཡང་སངས་རྒྱས་ཀྱི་ཞིང་དེ་ན་མི་དེ་དག་ལ་བཤང་བ་དང། གཅི་བ་དང། མཆིལ་མ་དང། སྣབས་དག་མེད་དེ། ཤཱ་ རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། འདོད་པ་ན་སྤྱོད་པའི་ལྷ་རྣམས་ལ་བཤང་བ་དང། གཅི་བ་དང། མཆིལ་མ་དང། སྣབས་དག་མེད་པ་དེ་བཞིན་དུ་ཤཱ་རད་ཏིའི་བུ། སངས་ རྒྱས་ཀྱི་ཞིང་དེ་ན་མི་དེ་དག་ལ་ཡང་བཤང་བ་དང། གཅི་བ་དང། མཆིལ་མ་དང། སྣབས་དག་མེད་དོ། །ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེ་ན་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་དང། མི་དེ་དག་གི་བསོད་ནམས་ཀྱི་རྣམ་པར་ སྨིན་པས་མངོན་པར་གྲུབ་པ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་འདི་ལྟ་བུ་དག་མངོན་པར་གྲུབ་པ་ཡོད་དེ་གང་དུ་མི་དེ་དག་འདུག་པར་བྱ་བའི་ གནས་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁང་པ་བརྩེགས་པ་དག་དང། ཁང་པ་བརྩེགས་པ་དེ་དག་གི་ནང་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་དག་གི་སྟེང་དུ་ཤིང་བལ་ ཅན་གྱི་སྟན་ལེགས་པར་བཏིང་བ་བཀྲམ་པ་དག་བྱུང་བར་གྱུར་ཅིང་ཁང་བ་བརྩེགས་པ་དེ་དག་ཏུ་ཁང་པ་བརྩེགས་པའི་ཡོངས་སུ་སྤྱད་པ་གང་ལས་མི་རྣམས་ཆུའི་བྱ་བ་བྱེད་ [41A]༄༅། །བའི་རྫིང་རྣམ་པ་སྣ་ཚོགས་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ་འབྱུང་སྟེ། རྫིང་བུ་དེ་དག་ཀྱང་གསེར་གྱི་བྱེ་མ་བདལ་བ། ལྷའི་ཤིང་མྱ་ ངན་འཚང་གིས་བསྐོར་བ་ཤ་སྟག་གོ་དེ་དག་ན་མི་རྣམས་དམ་པའི་ཆོས་ཀྱི་དགའ་བས་དགའ་བར་བྱེད་ཅིང་གནས་སོ། །ཤཱ་རད་ཏིའི་བུ། དེ་ན་མི་དེ་དག་གང་དུ་ཡན་ལག་ བརྒྱད་དང་ལྡན་པའི་ཆུས་གང་བའི་རྫིང་དག་འབྱུང་བར་འདོད་པ་དེ་ཉིད་དུ་མི་དེ་དག་གི་དྲུང་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བའི་རྫིང་དག་འབྱུང་ཞིང་ གལ་ཏེ་རྗེས་སུ་འབྲང་བར་འདོད་ན་ཡང་རྗེས་སུ་འབྲང་བར་འགྱུར་ལ། གལ་ཏེ་མི་སྣང་བར་འདོད་ན་ཡང་མི་སྣང་བར་འགྱུར་རོ། །ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་དེ་ན་ ཧ་ཅང་ཡང་མི་དྲོ། །ཧ་ཅང་ཡང་མི་གྲང་བའི་རླུང་དག་ལྡང་ངོ། །འཇམ་པ་དང། བདེ་བ་དང། དལ་བའི་རླུང་དག་ཀྱང་ལྡང་ངོ། །དྲི་ཞིམ་པོ་དང། ཡིད་དུ་འོང་བའི་རླུང་ དག་ཀྱང་ལྡང་སྟེ། རླུང་དེ་དག་ཉིད་ཀྱིས་མི་དེ་དག་དང། ལྷ་དེ་དག་གི་སྤོས་ཀྱི་བྱ་བ་བྱེད་དོ། །གལ་ཏེ་ལ་ལ་ཞིག་བདག་ལ་རླུང་ལྡང་བར་གྱུར་ཅིག་ཅེས་རླུང་ལྡང་བར་འདོད་ ན་ཡང་དེ་ལ་རླུང་ལྡང་བར་འགྱུར་རོ། །གལ་ཏེ་གཞན་དག་མི་འདོད་ན། དེ་དག་གི་ལུས་ལ་རླུང་གིས་ཕོག་པར་མི་འགྱུར་ཞིང་གང་དང་གང་གི་ཚེ་འདོད་པ་དེ་དང་དེའི་ཚེ་དེ་དག་ལ་ [41B] ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེ་ན་ད་ལྟར་ངའི་སངས་རྒྱས་ཀྱི་ཞིང་ན་གང་བུད་མེད་ དག་གི་བུད་མེད་ཀྱི་སྐྱོན་དུ་བྱ་བའི་བུད་མེད་དག་གི་བུད་མེད་ཀྱི་སྐྱོན་དེ་དག་མེད་དེ། ཤཱ་རད་ཏིའི་བུ། དེ་དག་ཀྱང་གང་ཞེ་ན། སངས་རྒྱས་ཀྱི་ཞིང་འདི་ན་བུད་མེད་ནི། མདོག་མི་སྡུག་ པ༑ གཟུགས་མ་ལེགས་པ། དྲི་དང། མི་གཙང་བས་གང་བ། འདོད་པའི་ལོངས་སྤྱོད་དག་གིས་ངོམས་མི་ཤེས་པ། བྱས་པ་མི་གཟོ་བ། ཁྲོ་བ་དང། ལྕེ་གཉིས་སྨྲ་བ་དང་ ཕྲག་དོག་དང། སེར་སྣའི་ཆོས་ཀྱིས་གླགས་པ་ཡིན་ཏེ། ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་འདི་ན་བུད་མེད་དག་གི་བུད་མེད་ཀྱི་སྐྱོན་ནི། དེ་དག་ཡིན་ནོ། །ཤཱ་རད་ཏིའི་བུ་ སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ལ་ནི། བུད་མེད་དག་གི་བུད་མེད་ཀྱི་སྐྱོན་དུ་བྱ་བ་དེ་ལྟ་བུ་དག་མེད་དེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤཱ་རད་ཏིའི་བུ་ [42A]༄༅། །སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ནི། ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་ཏེ། ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། བུད་མེད་རིན་པོ་ཆེ་ནི། མིའི་ བུད་མེད་ཀྱི་ཡོན་ཏན་དག་ལས་ཤིན་ཏུ་འདས་ཤིང་ལྷ་མོའི་ཡོན་ཏན་དང་ལྡན་པ་དེ་བཞིན་དུ་ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་འདི་ན་བུད་མེད་རིན་པོ་ཆེའི་ཡོན་ཏན་གང་ ཡིན་པ་དང། སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་ཀྱི་ཡོན་ཏན་གང་ཡིན་པ་དེ་དག་ནི། དེ་དག་གི་ཡོན་ཏན་གྱི་གན་ན་བུད་མེད་རིན་པོ་ཆེའི་ཡོན་ཏན་དག་ནི། བརྒྱའི་ཆར་ཡང་ ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང། བརྒྱ་སྟོང་གི་ཆ་དང་བྱེ་བ་བརྒྱའི་ཆ་དང། བྱེ་བ་སྟོང་གི་ཆ་དང། བྱེ་བ་བརྒྱ་སྟོང་གི་ཆ་དང། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང་གྲངས་ དང། ཆ་དང། བགྲང་བ་དང། དཔེ་དང། རྒྱུར་ཡང་ཉེ་བར་མི་བཟོད་དོ། །ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེ་ན་སྐྱེས་པ་དག་བུད་མེད་དང་ལྷན་ཅིག་ཏུ་འཁྲིག་པ་ སྤྱད་པའི་ཕྱིར་ལུས་སྦྱོར་བ་མེད་དེ། ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་དེ་ན་གང་གི་ཚེ་སྐྱེས་པ་དག་ཀུན་ཏུ་ཆགས་པའི་སེམས་སྐྱེས་པ་ན་དེ་སོང་སྟེ་ཀུན་ཏུ་ཆགས་པའི་སེམས་ ཀྱིས་བུད་མེད་ལ་ཡུད་ཙམ་ཞིག་བལྟས་པ་ཙམ་གྱིས་སྐྱེས་པ་དེའི་འདོད་ཆགས་རབ་ཏུ་ཞི་པར་གྱུར་ཏེ། ཤིན་ཏུ་ཡིད་བྱུང་ཞིང་སྤངས་ནས་མི་སྡུག་པ་ལ་འདོད་ཆགས་དང་བྲལ་ [42B] །ཏིང་ངེ་འཛིན་དེས་བདུད་ཀྱི་ཞགས་པ་ལས་གྲོལ་ནས་ཡང་འདོད་ཆགས་ཀྱི་སེམས་སྐྱེ་བར་མི་འགྱུར་རོ། །སྐྱེས་པ་དེས་གང་ལ་བལྟས་པའི་བུད་མེད་ དེ་བལྟས་པ་ཙམ་གྱིས་སྤྲུམ་མར་གྱུར་ཏེ་གཉིས་ཀའི་འདོད་ཆགས་ཞི་བར་གྱུར་ནས་མངལ་ན་གནས་པའི་ཁྱེའུ་བུ་མོ་དེའི་ལུས་དང་སེམས་ཀྱིས་ཀྱང་འདི་འདྲ་བའི་བདེ་བ་ མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རིན་པོ་ཆེའི་གཞལ་མེད་ཁང་ན་དགའ་ཞིང་མཆོག་ཏུ་དགའ་བར་བྱེད་པ་ན་ལུས་དང་སེམས་ཀྱིས་ བདེ་བ་མྱོང་བ་བཞིན་དུ་ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་དེ་ན་མངལ་ན་གནས་པའི་ཁྱེའུ་དང། བུ་མོ་དག་ཀྱང་དེ་བཞིན་ནོ། །དེ་ན་མངལ་ན་གནས་པ་དེ་དག་ཉིན་ཞག་བདུན་ གྱི་བར་དུ་བདེ་བ་མྱོང་ནས་བཙའ་བར་འགྱུར་ཞིང། བུད་མེད་སྦྲུམ་མ་དེའི་ལུས་དང་སེམས་ཀྱིས་ཀྱང་འདི་འདྲ་བའི་བདེ་བ་དག་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ། དཔེར་ན། བསམ་ གཏན་གཉིས་པ་ལ་སྙོམས་པར་ཞུགས་པའི་དགེ་སློང་ཐམས་ཅད་ཀྱི་ཐམས་ཅད་དུ་བདེ་བར་གྱུར་པ་བཞིན་ནོ། །བུད་མེད་དེ་བུ་བཙའ་བ་ན་ཡང་མི་གཙང་བ་དང། དྲི་མི་ཞིམ་པ་ དག་མེད་དོ། །ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་ [43A]༄༅། །དཔའི་སྤྱད་པ་སྤྱོད་པ་ན། ཀྱེ་མ་ནམ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་བའི་སངས་རྒྱས་ ཀྱི་ཞིང་དེ་ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་ ཕ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་གང་གི་ཚེ་སྐྱེས་པ་དང། བུད་མེད་དང། ཁྱེའུ་དང། བུ་མོ་དག་རྒྱན་ཐོགས་ པར་འདོད་པ་དེའི་ཚེ་དཔག་བསམ་གྱི་ཤིང་དག་འདུད་ཅིང་འདོགས་པར་འགྱུར་ཏེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །དེ་ནས་དགེ་སློང་ཞིག་གིས་སངས་རྒྱས་ཀྱི་ ཞིང་དེའི་བསྔགས་པ་བརྗོད་པ་དང། བུད་མེད་དེ་དག་གི་ཡོན་ཏན་ཐོས་ནས་དེ་ལ་ཀུན་དུ་ཆགས་པའི་སེམས་སྐྱེས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ བཅོམ་ལྡན་འདས། བདག་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ཡོངས་སུ་འཛིན་པར་གྱུར་ཅིག་དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་ [43B] །མི་གཏི་མུག་ཅན་ཁྱོད་ལྟ་བུ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདོད་ཆགས་ཀུན་ནས་ལངས་པའི་སེམས་ཀྱིས་སངས་རྒྱས་ཀྱི་ཞིང་ དེར་སྐྱེ་བར་མི་ནུས་ཀྱི། དགེ་སློང། གཞན་དུ་ན་དགེ་བའི་སྤྱོད་པ་དང། ཆོས་ཀྱི་སྤྱོད་པ་དང། ཚངས་པར་སྤྱོད་པ་དང། ཡང་དག་པའི་སྤྱོད་པས་སེམས་ཅན་རྣམས་སངས་རྒྱས་ཀྱི་ཞིང་དེར་ སྐྱེ་བ་ཡོངས་སུ་འཛིན་པར་འགྱུར་བའི་ཕྱིར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའོ། །ཞེས་བྱ་བར་ཤེས་པ་མ་གཏོགས་པ་རྒྱལ་པོ་གཞན་ནི། འགའ་ཡང་མེད་དོ། །ཤཱ་རད་ཏིའི་བུ་ འདི་ལྟ་སྟེ། དཔེར་ན། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་རྒྱལ་པོ་ཞེས་བྱ་བ་གཞན་མེད་པ་དེ་བཞིན་དུ་ཤཱ་རད་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའོ། །ཞེས་བྱ་བར་ཤེས་པ་མ་གཏོགས་པ་རྒྱལ་པོ་གཞན་ནི། འགའ་ཡང་ མེད་དོ༑ ༑ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ནི། ལྷའི་དབང་པོ་བརྒྱ་བྱིན་ལ་རིམ་གྲོ་བྱ་བའི་ཕྱིར་བདུའོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་སངས་ [44A]༄༅། །རྒྱས་ཀྱི་ཞིང་དེའི་ལྷ་དང། མི་རྣམས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པ་དེ་ལ་བལྟ་བ་དང། ཕྱག་བྱ་བ་དང། མཆོད་པ་བྱས་བ་དང་བསྙེན་བཀུར་བྱ་བ་དང། ཆོས་མཉན་པའི་ཕྱིར་འདུ་སྟེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ ནོ༑ ༑ཤཱ་རད་ཏིའི་བུ། གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་མི་རྣམས་ནི། བག་ཡོད་པའི་གནས་པས་གནས་པ་ཤ་སྟག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། དེ་ནི་ འདི་ལྟར་ཁ་ལོ་སྒྱུར་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་ཀྱིས་རྒྱུ་སྔོན་དུ་བཏང་བའི་ཕྱིར་ཏེ། ཤཱ་རད་ཏིའི་ བུ༑ དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ [44B]བཞིན་གཤེགས་པའི་མཆོད་རྟེན་ནམ། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་མེ་ཏོག་དང། བདུག་པ་དང། སྤོས་དང། མེ་ ཏོག་ཕྲེང་དང། བྱུག་པ་དང། ཕྱེ་མ་དང། ན་བཟའ་དང། གདུགས་དང། རྒྱལ་མཚན་དང། བ་དན་དག་ཕུལ་ནས་འདི་སྐད་དུ་དགེ་བའི་རྩ་བ་འདིས་བདག་གི་སངས་རྒྱས་ཀྱི་ཞིང་ རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་ན། དེའི་ཚེ་དེ་ལྟ་བུར་གྱུར་པ་ཡིན་ཏེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤཱ་ རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་མི་དེ་དག་ལ་ ཉོ་ཚོང་དང། ཚོང་པ་དང། ཞིང་ལས་དང། འཚོ་ནམ་བྱེད་པ་མེད་དེ། གཞན་དུ་ན་མི་དེ་དག་ཤིན་ཏུ་བདེ་བ་དང་ལྡན་པར་གནས་སོ། །ཤཱ་རད་ཏིའི་བུ། གཞན་ཡང་སངས་རྒྱས་ཀྱི་ ཞིང་དེའི་མི་རྣམས་འདོད་པའི་དགའ་བས་རྩེ་བའི་ཕྱིར་འདོད་པ་དང་ལྡན་པའི་དབྱངས་ཀྱིས་གླུ་མི་ལེན་ཏེ། གཞན་དུ་ན་མི་དེ་དག་ཆོས་ཀྱི་དགའ་བ་ཉམས་སུ་མྱོང་བར་བྱེད་དོ། །ཤཱ་རད་ [45A]༄༅། །ཏིའི་བུ༑ གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་ རྒྱས་ཀྱི་ཞིང་ན་གསེར་གྱི་ཤིང་ཏ་ལའི་ཕྲེང་བ་དག་རླུང་གིས་ཀུན་ཏུ་བསྐྱོད་པ་ན་འདི་ལྟར་སྙན་པ་དང། འཇེབས་པ་དང། ཡིད་དུ་འོང་བ་དང། ཆགས་པར་འགྱུར་བའི་སྒྲ་འབྱུང་སྟེ་ ཤཱ་རད་ཏིའི་བུ། ཇི་ལྟར་གསེར་གྱི་ཤིང་ཏ་ལའི་ཕྲེང་བ་དག་རླུང་གིས་ཀུན་དུ་བསྐྱོད་པ་ལས་སྙན་པ་དང། འཇེབས་པ་དང། ཡིད་དུ་འོང་བ་དང། ཆགས་པར་འགྱུར་བའི་སྒྲ་འབྱུང་ བ་དེ་ལྟ་བུའི་སྙན་པ་དང། འཇེབས་པ་དང། ཡིད་དུ་འོང་བ་དང་ཆགས་པར་འགྱུར་བའི་སྒྲ་ནི། ལྷའི་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་དག་རོལ་མོའི་སློབ་དཔོན་མཁས་ པས་གསིལ་བ་དག་ལས་ཀྱང་འབྱུང་བར་མི་འགྱུར་ཏེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། ཤཱ་རད་ཏིའི་བུ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྒྲུབ་པར་འདོད་པས། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ [45B]སྤྱད་པ་སྤྱོད་པ་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དག་ཡོངས་སུ་གཟུང་བ་དང། སངས་རྒྱས་ཀྱི་ ཞིང་ཡོངས་སུ་སྦྱངས་པ་དེ་ལྟར་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་དག་ཡོངས་སུ་གཟུང་བར་བྱ། དེ་ལྟར་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱའོ། །ཤཱ་རད་ ཏིའི་བུ༑ གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉི་མ་དང། ཟླ་བ་ སྣང་བའི་བྱ་བ་ཆེར་མི་བྱེད་དེ། འོན་ཀྱང་དེ་ན་མུན་པ་ཡང་མེད་ལ་མུན་ནག་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། དེ་ནི། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་རྟག་པར་ཀུན་དུ་སྣང་བར་ གྱུར་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཞིག་ཁང་པ་བརྩེགས་པའི་ར་བའི་སྒོ་བཅད་པ་སྐར་ཁུང་བཅད་པ། བླ་འོག་གཡོགས་པ། ས་བཟང་པོའི་ཞལ་ ཞལ་གྱིས་བསྐུས་པའི་ནང་དུ་བཅུག་ལ། དེར་ནོར་བུ་རིན་པོ་ཆེ་དེའི་རང་གི་ལུས་ཀྱི་འོད་ཀྱིས་སྣང་བའི་བྱ་བ་བྱེད་པ་ན་དེ་ན་སེམས་ཅན་གང་དག་འཁོད་པ་དེ་དག་གིས་ཉིན་པར་ཡང་ [46A]༄༅། །སྣང་བར་ཤེས། མཚན་མོར་ཡང་སྣང་བར་ཤེས་སོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་ཀྱིས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་རྟག་པར་ཀུན་ཏུ་སྣང་བར་གྱུར་ཏོ། །ཤཱ་ རད་ཏིའི་བུ། དེ་ལ་ཁང་པ་བརྩེགས་པའི་རབ་ཞེས་བྱ་བ་དེ་ནི་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེའི་ཚིག་བླ་དྭགས་སོ། །ཤཱ་རད་ཏིའི་བུ། ནོར་བུ་རིན་པོ་ཆེ་ ཞེས་བྱ་བ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཚིག་བླ་དྭགས་སོ། །ཤཱ་རད་ཏིའི་བུ། ནོར་ བུ་རིན་པོ་ཆེའི་འོད་ཅེས་བྱ་བ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་འོད་ཀྱི་ཚིག་བླ་དྭགས་ སོ༑༑ ཤཱ་རད་ཏིའི་བུ། སེམས་ཅན་ཞེས་བྱ་བ་དེ་ནི། མི་གང་དག་སངས་རྒྱས་ཀྱི་ཞིང་དེ་ན་གནས་པའི་མི་དེ་རྣམས་ཀྱི་ཚིག་བླ་དྭགས་ཡིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ག་ལས་གར་གཤེགས་པ་ན་ས་ཆེན་པོ་དེ་ལ་ཞབས་གང་དང་ [46B]འདབ་མ་སྟོང་ཡོད་པ་དག་འབྱུང་བར་འགྱུར་ཏེ། ཤཱ་རད་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་ པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། ཅི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཁང་པའི་ནང་དུ་གཤེགས་པ་ན་ཡང་དེའི་ཞབས་ཀྱི་འོག་ནས་པདྨ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ ལྡན་པ་དག་འབྱུང་ལགས་སམ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དན་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ནི། གྲོང་དང། གྲོང་ཁྱེར་དག་ཏུ་གཤེགས་པ་ཉུང་མོད་ཀྱི། འོན་ཀྱང་གང་གི་ ཚེ་གཤེགས་ཤིང་བཞུགས་པར་གྱུར་པ་ན་ཁྱིམ་དེར་པདྨ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་དག་འབྱུང་སྟེ། ཤཱ་རད་ཏིའི་བུ། གལ་ཏེ་དེར་རིགས་ཀྱི་བུའམ་རིགས་ཀྱི་བུ་ [47A]༄༅། །མོ་ལ་ལ་ཞིག་གིས་འདི་སྙམ་དུ་གང་དེ་བཞིན་གཤེགས་པ་ཁྱིམ་འདིར་གཤེགས་པའི་ཞབས་འོག་ནས་བྱུང་བའི་པདྨ་འདི་དག་ཐམས་ཅད་ གནས་གཅིག་ཏུ་འདུས་པར་གྱུར་ཅིག་སྙམ་དུ་བསམ་ན་ཡང་འདི་ལྟར་སངས་རྒྱས་ཀྱི་མཐུས་དེ་དག་གནས་གཅིག་ཏུ་འདུའོ། །གལ་ཏེ་ཡང་འདི་སྙམ་དུ་དེ་དག་ནམ་མཁའ་ལ་ གནས་པར་གྱུར་ཅིག་སྙམ་དུ་བསམ་ན་ཡང་འདི་ལྟར་སངས་རྒྱས་ཀྱི་མཐུས་དེ་དག་ནམ་མཁའ་ལ་གནས་ཏེ། ཤཱ་རད་ཏིའི་བུ། པདྨ་དེ་དག་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་དེའི་མི་རྣམས་ཀྱི་མཆོད་རྟེན་དུ་འགྱུར་རོ་།ཤཱ་རད་ཏིའི་བུ། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་གང་དུ་ཆོས་སྟོན་པའི་ཕྱིར་གཤེགས་པ་དེར་ཡང་པདྨ་དེ་ལྟ་བུ་དག་འབྱུང་ངོ། །བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཕྱོགས་གཞན་དག་དང། འཇིག་རྟེན་གྱི་ཁམས་གཞན་གང་དང་ གང་དག་ཏུ་སྤྲུལ་པ་དག་བཀྱེ་བ་དེ་དང་དེ་དག་ཏུ་ཡང་འདི་ལྟར་སངས་རྒྱས་ཀྱི་མཐུས་པདྨ་དེ་ལྟ་བུ་དག་འབྱུང་སྟེ། ཤཱ་རད་ཏིའི་བུ། དེ་ལྟར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ [47B]སྟོང་དང་ལྡན་པ་དེ་ལྟ་བུ་ཤ་སྟག་གིས་རྟག་ཏུ་བརྒྱན་པར་གྱུར་ཏོ། །ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་འདི་ལྟར་གསེར་དང། དངུལ་དང། བཻ་ཌཱུརྱ་དང་ རིན་པོ་ཆེ་སྣ་གསུམ་ལས་བྱས་པའི་ཐེམ་སྐས། འཛམ་བུའི་གླིང་ནས་བཙུགས་ན་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་ཀྱི་བར་དུ་ཕྱིན་པ་དག་ཡོད་དོ། །ཤཱ་རད་ཏིའི་བུ། གང་གི་ཚེ་སུམ་ཅུ་རྩ་གསུམ་ པའི་ལྷ་རྣམས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་བལྟ་བ་དང། ཕྱག་བྱ་བ་དང། བསྙེན་བཀུར་ བྱ་བར་འདོད་པའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་ནས་རིན་པོ་ཆེའི་ཐེམ་སྐས་དེ་དག་ལས་བབས་པ་ན། སུམ་ཅུ་རྩ་གསུམ་པའི་ལྷ་དེ་དག་འཛམ་བུ་གླིང་པའི་མི་དེ་དག་ལ་འདི་ལྟར་ སྨོན་པའི་སེམས་སྐྱེ་སྟེ། བདག་ཅག་ལྷ་རྣམས་ཀྱི་ལྷའི་ཕུན་སུམ་ཚོགས་པ་གང་ཡིན་པ་དང། འཛམ་བུ་གླིང་པའི་མི་རྣམས་ཀྱི་མིའི་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་དག་ནི་ བདག་ཅག་ལྷ་རྣམས་ཀྱི་ཕུན་སུམ་ཚོགས་པ་དག་ལས་འཛམ་བུ་གླིང་བའི་མི་རྣམས་ཀྱི་ཕུན་སུམ་ཚོགས་པ་འདི་དག་ཀྱང་ཁྱད་པར་ཅུང་ཟད་ཙམ་གྱིས་ཀྱང་མི་དམན་པའི་སྟེང་དུ་ [48A]༄༅། །འཛམ་བུའི་གླིང་འདི་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འདི་ ཆོས་འཆད་ཅིང་བཞུགས་པས་ལྷག་པར་ཁྱད་པར་དུ་འཕགས་སོ། །ཞེས་དེ་ལྟར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཛམ་བུ་གླིང་པའི་མི་དེ་དག་ལ་སྨོན་པར་བྱེད་དོ། ། ཤཱ་རད་ཏིའི་བུ། གང་གི་ཚེ་འཛམ་བུ་གླིང་པའི་མི་དེ་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་སུ་འཛེག་པར་གྱུར་པའི་ཚེ་ན་དེ་དག་སུམ་ཅུ་རྩ་གསུམ་པའི་ལྷ་ རྣམས་ལ་སྨོན་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་འདི་སྙམ་དུ་ལྷ་འདི་དག་གི་ལྷའི་ཕུན་སུམ་ཚོགས་པ་དག་ལས་བདག་ཅག་གི་ཕུན་སུམ་ཚོགས་པ་དག་ཀྱང་མི་ དམན་པའི་སྟེང་དུ་བདག་ཅག་གིས་འཛམ་བུའི་གླིང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པ་ཆོས་སྟོན་ཅིང་བཞུགས་པས་ན། འདི་ལྟར་བདག་ཅག་གི་སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་དེས་སུམ་ཅུ་རྩ་གསུམ་པའི་ལྷ་འདི་དག་ནི། ཟིལ་གྱིས་ནོན་ཏོ། ། སྙམ་དུ་སེམས་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་ལྷ་རྣམས་ཀྱིས་ཀྱང་མི་རྣམས་མཐོང་ལ་མི་རྣམས་ཀྱིས་ཀྱང་ལྷ་རྣམས་མཐོང་ངོ།། [48B]ཉིད་ན་གནས་བཞིན་དུ་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཞན་མེད་ཁང་དག་ཀྱང་མཐོང་སྟེ། ཤཱ་རད་ཏིའི་བུ། འདི་ ལྟ་སྟེ། དཔེར་ན། ད་ལྟར་འཛམ་བུ་གླིང་འདིའི་མི་རྣམས་ཀྱིས་སྐར་མའི་གཟུགས་རྣམས་དང། ཉི་མ་དང། ཟླ་བ་དག་མཐོང་བ་དེ་བཞིན་དུ། ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་མཐུས་ སངས་རྒྱས་ཀྱི་ཞིང་དེར་འཛམ་བུ་གླིང་པའི་མི་རྣམས་ཀྱིས་ཀྱང་འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཞལ་མེད་ཁང་དག་མཐོང་སྟེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། ། ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དུ་ཆོས་སྟོན་ པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་འཁོར་བཞི་པོ་དག་གིས་མི་སྟོངས་པར་འགྱུར་ཏེ། ཤཱ་རད་ཏིའི་བུ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་ [49A]༄༅། །པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་ པར་གྱིས་གྱུར་པ་ཡིན་ནོ། །མི་འཁྲུགས་པ་ལུང་བསྟན་པ་ཐེག་པ་ཆེན་པོའི་མདོ་ལས། ལེའུ་གཉིས་པ་རྫོགས་སོ།། །།བམ་པོ་གསུམ་པ་ཤཱ་རད་ཏིའི་ བུ༑ གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཆོས་སྟོན་པ་ན་ཆོས་བསྟན་པ་རེ་རེས་ ཀྱང་འདི་ལྟར་སེམས་ཅན་དཔག་ཏུ་མེད་ཅིང་གྲངས་མེད་པ་དག་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་བཏུལ་ཏེ། ཤཱ་རད་ཏིའི་བུ། རྣམ་གྲངས་འདིས་སེམས་ ཅན་དཔག་ཏུ་མེད་ཅིང་གྲངས་མེད་པ་དག་དགྲ་བཅོམ་པའི་འབྲས་བུ་མངོན་སུམ་དུ་བྱ་བའི་ཕྱིར་བཏུལ་ཅིང་ཕལ་ཆེར་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཤ་ སྟག་གོ། ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་ འདུན་ནི། དཔག་ཏུ་མེད། གྲངས་མེད་དེ། ཤཱ་རད་ཏིའི་བུ། དེ་དག་ནི། རྩིས་མཁན་ནམ། རྩིས་མཁན་ཆེན་པོ་གང་གིས་ཀྱང་གྲངས་དང་རྩིས་ཁྱད་ཕྱིན་ནི། འདི་སྙེད་ [49B]ཞེའམ། གཏམས་ནི། འདི་སྙེད་ཅིག་གོ། ཞེའམ། དཀྲིགས་ནི། འདི་སྙེད་ཅིག་གོ་ཞེའམ། མཆོག་ཡས་ནི། འདི་སྙེད་ཅིག་གོ་།ཞེའམ། ཀ་རན་ད་ནི། འདི་སྙེད་ཅིག་ གོ་ཞེའམ། ཟིལ་གནོན་ནི། འདི་སྙེད་ཅིག་གོ་ཞེའམ། ཐེར་འབུམ་ནི་འདི་སྙེད་ཅིག་གོ་ཞེའམ། གཞལ་དུ་མེད་པ་ནི། འདི་སྙེད་ཅིག་གོ་།ཞེས་བྱ་བར་གྲངས་དང་རྩིས་འདི་ དག་གིས་བགྲང་བ་དང་བརྩི་བར་ནུས་ཤིང། ཁོང་དུ་ཆུད་པར་ངས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཤཱ་རད་ཏིའི་བུ་གཞན་དུ་ན་ཉན་ཐོས་དེ་དག་ནི། དཔག་ཏུ་མེད་པ་ཉིད་ དམ༑ གྲངས་མེད་པ་ཉིད་ཀྱི་གྲངས་སུ་འགྲོའོ། །གཞན་དུ་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བགྲང་བའི་གྲངས་སུ་འགྲོའོ་།ཤཱ་རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་ དེ་ན་རིགས་ཀྱི་བུ་གང་དག་རྒྱུན་དུ་ཞུགས་པའི་འབྲས་བུ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་དག་ནི། ཉུང་སྟེ། ཤཱ་རད་ཏིའི་ བུ༑ འདི་ལྟ་སྟེ། དཔེར་ན། ངས་ད་ལྟར་ཆོས་བསྟན་པ་ན་རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པའི་རྒྱུན་དུ་ཞུགས་པའི་ལེ་ལོ་ཅན་གང་གོང་མའི་ཁྱད་པར་མི་ཐོབ་པ་དེ། ངས་རེ་ ལྟར་ཐོགས་ན་སྲིད་པ་ལན་བདུན་པར་བསྟན་པ་དེ་བཞིན་དུ་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ [50A]༄༅། །ཆོས་བསྟན་པ་ན། རིགས་ཀྱི་བུ་གང་དག་སྟན་གཅིག་ལ་འདུག་ནས་དགྲ་བཅོམ་པའི་འབྲས་བུ་མི་འཐོབ་པར་ཆོས་བསྟན་པ་དང། པོས་རྒྱུན་དུ་ ཞུགས་པའི་འབྲས་བུ་འཐོབ་པ་དང། ཆོས་བསྟན་པ་གཉིས་པས་ལན་གཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པ་དང། ཆོས་བསྟན་པ་གསུམ་པས་ཕྱིར་མི་འོང་བའི་ འབྲས་བུ་འཐོབ་པ་དང། ཆོས་བསྟན་པ་བཞི་པས་དགྲ་བཅོམ་པའི་འབྲས་བུ་འཐོབ་པ་དེ་ནི། དེ་ལ་ལེ་ལོ་ཅན་ཞེས་བྱའོ། །ཤཱ་རད་ཏིའི་བུ། ཇི་ལྟར་ད་ལྟར་གྱི་བཞིན་དུ་ དེ་ན་གང་རྒྱུན་དུ་ཞུགས་པ་དེ་ནི། རེ་ལྟར་ཐོགས་ན་སྲིད་པ་ལན་བདུན་པ་མ་ཡིན་གྱི། དེ་ནི། ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། འདི་ལྟ་སྟེ། རྒྱུན་དུ་ ཞུགས་པ་ཞེས་འབྲས་བུ་རྣམ་པར་གཞག་པ་དེ་ནི། མིང་ཙམ་དུ་ཟད་དོ། །ཇི་ལྟར་ད་ལྟར་གྱི་བཞིན་དུ་དེ་ན་གང་ལན་གཅིག་ཕྱིར་འོང་བ་དེ་འཇིག་རྟེན་འདིར་ལན་གཅིག་ འོངས་ནས་སྡུག་བསྔལ་མཐར་བྱེད་པ་མ་ཡིན་གྱི། དེ་ནི། ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། འདི་ལྟ་སྟེ་ལན་གཅིག་ཕྱིར་འོང་བ་ཞེས་འབྲས་བུ་ རྣམ་པར་གཞག་པ་དེ་ནི། མིང་ཙམ་དུ་ཟད་དོ། །ཇི་ལྟར་དེ་ལྟར་གྱི་བཞིན་དུ་དེ་ན་གང་ཕྱིར་མི་འོང་བ་དེ་ནི། དེར་ལན་གཅིག་འོངས་ནས་ཡོངས་སུ་མྱ་ངན་ལས་འདའ་བ་ [50B] དེ་ནི། ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། འདི་ལྟར་ཕྱིར་མི་འོང་བ་ཞེས་འབྲས་བུ་རྣམ་པར་གཞག་པ་དེ་ནི། མིང་ཙམ་དུ་ཟད་དོ། །ཤཱ་རད་ཏིའི་ བུ། དེ་ན་དགྲ་བཅོམ་པ་གང་ཡིན་པ་དེ་ནི། དེ་ན་ཡང་མི་གནས། འདི་ན་ཡང་མི་གནས། གཉིག་མེད་པའི་བར་ན་ཡང་མི་གནས་ཏེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་སྟེ། ཤཱ་རད་ཏིའི་བུ། དེ་ལྟར་སངས་རྒྱས་ཀྱི་ཞིང་དེ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མི་འཁྲུགས་པ་དེས་འདི་ལྟར་འབྲས་བུ་རྣམ་པར་གཞག་པ་ཉེ་བར་བཟུང་སྟེ་དགེ་སྦྱོང་གི་འབྲས་བུ་སྟོན་ཏོ། །ཤཱ་རད་ཏིའི་བུ། ཡང་དེ་ནི་རིགས་ཀྱི་བུའམ། རིགས་ཀྱི་ བུ་མོ་གང་ཆོས་ཤེས་པ་དེ་ནི། སློབ་པའི་ས་ལ་གནས་ཤིང་ཉམས་པར་མི་འགྱུར་ཏེ། ཤཱ་རད་ཏིའི་བུ། དེ་ལ་སློབ་པའི་ས་ཞེས་བྱ་བ་དེ་ནི། སྙིགས་མའི་ས་ཞེས་བྱ་བའི་ཚིག་བླ་ དྭགས་སོ། །ཤཱ་རད་ཏིའི་བུ་དེ་ནི། མི་སློབ་པའི་ས་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདའ་ཞིང་མི་སློབ་པའི་ས་ལ་གནས་ནས་ཡོངས་སུ་མྱ་ངན་ལས་འདའ་སྟེ། ཤཱ་རད་ཏིའི་བུ་ དེ་ལ་མི་སློབ་པའི་ས་ཞེས་བྱ་བ་དེ་ནི། དགྲ་བཅོམ་པ་ཉིད་ཅེས་བྱ་བའི་ཚིག་བླ་དྭགས་ཏེ། ཤཱ་རད་ཏིའི་བུ། དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ [51A]༄༅། །དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་རྣམ་པར་དག་པའི་སྙིང་པོ་ལ་གནས་པ་ཕུན་སུམ་ཚོགས་པ་ཞེས་ བྱའོ༑ ༑ཤཱ་རད་ཏིའི་བུ། དེ་ལ་རྣམ་པར་དག་པའི་སྙིང་པོ་ལ་གནས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་དགྲ་བཅོམ་པ་ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་ པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། ཕལ་ཆེར་ རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་དགེ་འདུན་གྱི་ཚིག་བླ་དྭགས་ཡིན་ཏེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་རྣམས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཤཱ་རད་ཏིའི་བུ་ [51B]པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་རྣམས་འདི་སྙམ་དུ་དེ་རིང་ བདག་ཅག་གང་དུ་ཟན་བཟའ་བར་བྱ། དེ་རིང་བདག་ཅག་ལ་སུས་ཟན་སྦྱིན་པར་འགྱུར་སྙམ་དུ་སེམས་པ་མེད་དོ། །ཉན་ཐོས་དེ་དག་བསོད་སྙོམས་ཀྱི་ཕྱིར་ཁྱིམ་དག་ཏུ་འཇུག་པ་ ཡང་མེད་དེ། དེ་དག་གང་གི་ཚེ་ཟས་ཀྱི་དུས་ལ་བབ་པར་གྱུར་པའི་དུས་དེ་ཉིད་ཀྱི་ཚེ་ན་ལྷུང་བཟེད་དུ་ཁ་ཟས་འབྱུང་ངོ། །གང་གི་ཚེ་ཉན་ཐོས་དེ་དག་གིས་འདི་སྙམ་དུ་བདག་ཅག་ལ་ གཞན་དག་གིས་ཟས་བྱིན་ཡང་བླའོ། །སྙམ་དུ་བསམ་པ་དེའི་ཚེ་ན་དེ་དག་ལ་གཞན་དག་ཟས་སྦྱིན་པར་ཡང་འགྱུར་ཏེ། དེ་དག་ཟས་ཁམ་གཉིས་སམ། གསུམ་ཙམ་གྱིས་ཟས་ཀྱི་བྱ་ བ་བྱེད་ཅིང་ཆོག་པར་ཡང་འགྱུར་རོ། །ཉན་ཐོས་དེ་དག་ལྷུང་བཟེད་དང་ཆོས་གོས་ཚོལ་བར་ཡང་མི་བྱེད་ལ། དེ་དག་ཆོས་གོས་དག་མི་འདྲ། མི་འདྲུབ། མི་འཁྲུ། མི་འཚེད་ཅིང་ བདག་ཀྱང་མི་བྱེད་ལ། གཞན་ལ་ཡང་མི་འཆོལ་མོད་ཀྱི། གཞན་དུ་ན་སྤྱོད་པ་ཙམ་དུ་སངས་རྒྱས་ཀྱི་མཐུས་འབྱུང་བར་འགྱུར་རོ་།ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཇི་ལྟར་ད་ལྟར་ཉན་ཐོས་རྣམས་ལ་ལྟུང་བ་བཞི་པོ་དག་གི་ཆོས་སྟོན་པ་དེ་ལྟར་ཉན་ [52A]༄༅། །ཐོས་རྣམས་ལ་དེ་ལྟུང་བའི་ཆོས་རྣམས་མི་སྟོན་ཏོ། །ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མི་འཁྲུགས་པ་དེ་ནི། ཉན་ཐོས་རྣམས་ལ་དེ་ལྟ་བུའི་ཆོས་མི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ་སངས་རྒྱས་ཀྱི་ཞིང་དེ་ན་ཚེའི་སྙིགས་མ་མེད། སེམས་ ཅན་གྱི་སྙིགས་མ་མེད། དུས་ཀྱི་སྙིགས་མ་མེད། ལྟ་བའི་སྙིགས་མ་མེད། ཉོན་མོངས་པའི་སྙིགས་མ་མེད་ཅིང་སྙིང་སྟོབས་ཉམས་པ་མེད་པས་ཤཱ་རད་ཏིའི་བུ། སངས་རྒྱས་ ཀྱི་ཞིང་སྙིགས་མ་དང་བྲལ་བ་ཡིན་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མི་འཁྲུགས་པ་དེ་གང་གི་ཚེ་ཉན་ཐོས་རྣམས་ལ་ཆོས་སྟོན་པ་ན་དང་པོ་ཉིད་ནས་ཡང་དག་ཕུལ་གྱི་ཆོས་རྣམས་སྟོན་པར་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ་ སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ནི། མགོ་སྨོས་པས་གོ་བ་ཤ་སྟག་སྟེ། རྣམ་པར་སྤྲོས་པས་གོ་བ་དང། ཞིབ་ཏུ་བཤད་པས་གོ་བར་བྱ་དགོས་པ་དག་དེ་ན་མེད་ པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། དེ་ནི། ཉན་ཐོས་ཀྱི་དགེ་འདུན་ལ་ལྷག་པའི་ང་རྒྱལ་ཅན་ནི། འགའ་ཙམ་ཡང་མེད་དེ། ཤཱ་རད་ཏིའི་བུ། དེ་ན་ལྷག་པའི་ང་རྒྱལ་ཅན་ཞེས་ [52B] །ཤཱ་རད་ཏིའི་བུ། དེ་ན་ཉན་ཐོས་ཀྱི་དགེ་འདུན་ལ་གང་དག་དགེ་སྦྱོང་གི་དྲི་མར་བྱ་བའི་རྣམ་པ་དང། དགེ་སྦྱོང་གི་སྐྱོན་དུ་བྱ་བ་དང། དགེ་སྦྱོང་གི་གྱ་ གྱུར་བྱ་བ་དང། དགེ་སྦྱོང་གི་གཡོར་བྱ་བ་དང། དགེ་སྦྱོང་གི་སྒྱུར་བྱ་བ་དེ་དག་ནི། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དེ། འདི་ལྟར་དགེ་སྦྱོང་གི་དྲི་མ་ ཞེས་བྱ་བའི་མིང་ཙམ་ཡང་ཀུན་ཏུ་འབྱུང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། སེམས་ཅན་དེ་དག་ནི། དགེ་བའི་རྩ་བ་ཡོངས་སུ་སྨིན་ཞིང་དག་པ་ཡིན་པས་ན། དེ་དག་ལ་ ཆོས་ཇི་ལྟར་བསྟན་པ་དེ་བཞིན་དུ་ཀུན་ཤེས་པར་འགྱུར་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་དེ་ན་མཚམས་མེད་པ་ལྔ་པོ་དག་སྟོན་པ་ནི། ཐམས་ཅད་ཀྱི་ཐམས་ ཅད་དུ་མེད་དེ། དེ་ན་མཚམས་མེད་པའི་སྒྲ་ཡང་མི་འབྱུང་ངོ་།ཤཱ་རད་ཏིའི་བུ། ཉན་ཐོས་དེ་དག་ནི། རྙེད་པ་དང། བཀུར་སྟི་ལྷུར་ལེན་པ་མ་ཡིན་ཞིང་ལྷུང་བཟེད་དང། ཆོས་གོས་ ལྷུར་ལེན་པ་ཡང་མ་ཡིན་ཏེ། དེ་དག་ནི། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཆོས་གོས་དང་ཡོ་བྱད་ལྷུར་ལེན་པ་མ་ཡིན་ནོ། །ཤཱ་རད་ཏིའི་བུ། དེ་དག་ ལ་རྙེད་པ་དང། བཀུར་སྟིའི་བསམ་པ་ལས་བཟླ་བའི་ཕྱིར་ཆོས་བསྟན་པར་བྱ་མི་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ [53A]༄༅། །བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་དེ་དག་ནི། འདོད་པ་ཆུང་བ་དང། ཆོག་ཤེས་པའི་ ཕྱིར་རོ༑ ༑ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཇི་ལྟར་ང་ད་ལྟར་ཉན་ཐོས་ རྣམས་ལ་བསླབ་པ་འཆའ་བ་དེ་ལྟར་ཉན་ཐོས་རྣམས་ལ་བསླབ་པ་འཆའ་བར་མི་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ་ཉན་ཐོས་དེ་དག་ལ་སྐྱོན་མེད་པའི་ ཕྱིར་ཏེ༑ དེ་ན་བསླབ་པ་ནི། འདི་ཁོ་ན་སྟེ། འདི་ལྟར་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་རྗེས་སུ་དྲན་པར་བྱེད་པའོ། །ཤཱ་རད་ཏིའི་བུ། ཇི་ལྟར་ད་ལྟར་ མི་བླུན་པོ་ཁ་ཅིག་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་ངའི་བསླབ་པའི་གཞི་འདྲལ་བར་བྱེད་པ་དེ་ལྟར་ཉན་ཐོས་དེ་དག་ལ་བསླབ་པའི་གཞི་འདྲལ་བར་བྱེད་པ་མེད་དོ། །དེ་ཅིའི་ ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ ཐོས་འདུས་པ་ནི། ཅང་ཤེས་པ་ཤ་སྟག་ཡིན་ལ། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ [53B]ཕྱིར་རོ། །དེ་ན་ཉན་ཐོས་གཅིག་དང་ཉན་ཐོས་གཉིས་ལྷན་ཅིག་ཏུ་མི་གནས་པར་དེ་དག་རང་རང་གི་རྣལ་འབྱོར་གྱི་དོན་ལ་ རྗེས་སུ་བརྩོན་པར་གནས་སོ། །འདུ་འཛི་མེད་པ་ལ་དགའ་ཞིང་འདུ་འཛི་མེད་པའི་རྣལ་འབྱོར་ལ་བརྩོན་ཏེ། དགེ་བའི་ཕྱོགས་ལ་རྟག་ཏུ་སྦྱོར་ཞིང་རྙེད་པ་དང་བཀུར་སྟི་དོན་དུ་མི་ གཉེར་ཏེ། དེ་ན་གང་ཟག་རྣམས་ནི། བརྩོན་འགྲུས་ཉམས་པ་མེད་པས་རབ་ཏུ་ཕྱེ་བས་དེ་ན་ལེ་ལོ་ཅན་དག་ནི། བལྟར་ཡང་མེད་དེ། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་དེ་དག་ནི། ཡོན་ཏན་ཡོངས་སུ་གྲུབ་པ་དེ་ལྟ་བུ་དག་དང་ལྡན་པ་ཡིན་ནོ། ། ཤཱ་རད་ཏིའི་བུ། ཡང་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དག་ལ་ཆོས་སྟོན་པ་དེའི་ཚེ་ ན་ཉན་ཐོས་དེ་དག་ཀྱང་རྣ་བ་བླགས་ལ་མིག་མི་གཡེངས་ཤིང་སེམས་མི་གཡེངས་པར་ཆོས་ཉན་པར་བྱེད་དོ། །གང་དག་འགྲེང་སྟེ་ཆོས་ཉན་པར་བྱེད་ཀྱང་དེ་དག་གི་ལུས་དང་ སེམས་ལ་ངལ་བ་མེད་དོ། །གང་དག་འདུག་སྟེ་ཆོས་ཉན་པར་བྱེད་ཀྱང་དེ་དག་གི་ལུས་དང་སེམས་ལ་ངལ་བ་མེད་དོ། །ཤཱ་རད་ཏིའི་བུ། གཞན་ཡང་གང་གི་ཚེ་བཅོམ་ལྡན་འདས་ [54A]༄༅། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་མངོན་པར་འཕགས་ ཤིང་ཉན་ཐོས་རྣམས་ལ་ཆོས་སྟོན་པ་དེའི་ཚེའི་སངས་རྒྱས་ཀྱི་མཐུས་དེ་ན་དགེ་སློང་གང་དག་རྫུ་འཕྲུལ་དང་ལྡན་པ་རྣམས་དང། དགེ་སློང་གང་དག་རྫུ་འཕྲུལ་དང་མི་ལྡན་ པ་དེ་དག་ཀྱང་རྫུ་འཕྲུལ་གྱིས་ནམ་མཁའ་ལ་མངོན་པར་འཕགས་ཏེ་ཆོས་ཉན་པར་བྱེད་ཅིང་བཅོམ་ལྡན་འདས་ཀྱི་ཉན་ཐོས་དེ་དག་ནམ་མཁའ་དེ་ཉིད་ལ་མངོན་པར་ འཕགས་བཞིན་དུ་སྤྱོད་ལམ་རྣམ་པ་གསུམ་གྱིས་གནས་པར་ཡང་བྱེད་དེ། གསུམ་གང་ཞེ་ན། འདི་ལྟ་སྟེ། འགྲེང་བ་དང། འདུག་པ་དང་འཆག་པའོ། །དེ་དག་ཡོངས་སུ་མྱ་ ངན་ལས་འདའ་བ་ན་ཡང་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །ཉན་ཐོས་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་ འདའ་བ་ན་ས་ཆེན་པོ་ཡང་ཀུན་ཏུ་གཡོའོ། །དེ་དག་ཡོངས་སུ་མྱ་ངན་ལས་འདའ་ནས་ཀྱང་ལྷ་དང་མི་རྣམས་བཀུར་སྟི་བྱ་བས་བཀུར་སྟི་བྱེད་དོ། །དེ་ན་དགྲ་བཅོམ་པ་ཁ་ཅིག་ནི། རང་ གི་ལུས་ཀྱི་མེའི་ཁམས་ཀྱིས་ལུས་བསྲེགས་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །དེ་ན་དགྲ་བཅོམ་པ་ཁ་ཅིག་ནི། ཡོངས་སུ་མྱ་ངན་ལས་འདའ་བ་ན་ཇི་ལྟར་རླུང་བཞིན་དུ་ [54B]བར་བྱེད་དོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ཁ་དོག་རྣམ་པ་ལྔའི་སྤྲིན་དག་མངོན་པར་ཆགས་ནས་ཞིག་པར་ གྱུར་པ་ན་ཆར་བ་དག་མེད་ཅིང་མི་སྣང་བ་དེ་བཞིན་དུ་ཤཱ་རད་ཏིའི་བུ། དེ་ན་དགྲ་བཅོམ་པ་ཁ་ཅིག་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བ་ན་རང་གི་ལུས་ཞིག་ནས་ཆ་ཤས་ཙམ་ ཡང་མི་སྣང་བར་བྱེད་དོ། །ཤཱ་རད་ཏིའི་བུ། དེ་ན་ཉན་ཐོས་ཁ་ཅིག་འདི་ལྟར་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་ཡང་ཡོད་དེ། དེ་ན་ཉན་ ཐོས་ཁ་ཅིག་རྫུ་འཕྲུལ་གྱིས་ནམ་མཁའ་ལ་མངོན་པར་འཕགས་ནས་ལུས་ལས་ཆུའི་རྒྱུན་དག་འབྱིན་ཞིང་ཆུའི་རྒྱུན་དེ་དག་ཀྱང་ས་ལ་མ་ལྷུང་བ་ཉིད་དུ་ནམ་མཁར་བག་ལ་ཞ་ བར་བྱས་ནས་དེ་བཞིན་དུ་རང་གི་ལུས་ཀྱང་ནམ་མཁའ་ལས་མི་ལྷུང་བར་ཐལ་བྱུང་དུ་བག་ལ་ཞ་བར་བྱེད་དེ། ཤཱ་རད་ཏིའི་བུ། དེ་ནི། ཉན་ཐོས་དག་ཡོངས་སུ་མྱ་ངན་ལས་འདའ་ བའི་ཚུལ་དེ་ལྟ་བུ་དག་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ་།ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདི་སྐད་དུ། ཀྱེ་མ་ནམ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ [55A]༄༅། །པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་ཉན་ཐོས་རྣམས་འདི་ལྟར་ཆོ་འཕྲུལ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་ སྨོན་ལམ་བཏབ་པའི་ཁྱད་པར་གྱིས་གྱུར་པ་ཡིན་ནོ། །ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པ་དེའི་ཉན་ཐོས་དཔག་ཏུ་མེད་པ་དེ་དག་ལས་གང་དག་སོ་སོ་ཡང་དག་པར་རིག་པ་བཞི་མ་ཐོབ་པའི་ཉན་ཐོས་དེ་དག་ནི་ཉུང་གི་གང་དག་སོ་སོ་ཡང་དག་པར་རིག་ པ་བཞི་ཐོབ་པར་གྱུར་པ་དེ་དག་ནི། ཆེས་མང་ངོ། །ཉན་ཐོས་གང་དག་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པ་དེ་དག་ཀྱང་ཆེས་མང་སྟེ། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་རྣམས་ནི། ཡོན་ཏན་ཕུན་སུམ་ཚོགས་པ་དེ་ལྟ་བུ་དག་དང་ལྡན་པ་ཡིན་ ནོ༑ ༑དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་འདི་ལྟ་སྟེ། འདི་ལྟར་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་ [55B] ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་དེ་ བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པ་དེའི་སངས་རྒྱས་ཀྱི་ཞིང་ན་འདི་ལྟར་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པའི་བཀོད་པ་ཆེན་པོ་དེ་ལྟ་བུ་དག་དང་ལྡན་པ་ཡིན་ནོ། །མི་འཁྲུགས་པ་ལུང་བསྟན་པ་ཞེས་ བྱ་བ་ཐེག་པ་ཆེན་པོའི་མདོ་ལས། ལེའུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་གི་ཉན་ཐོས་རྣམས་ཀྱི་ཉན་ ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དེ་དག་ནི། ལེགས་པར་བཀའ་སྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ [56A]༄༅། །དག་ནི༑ བཀའ་མ་སྩལ་ལགས་པས། བཙུན་པ་བཅོམ་ལྡན་འདས་ད་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་ པ་ཕུན་སུམ་ཚོགས་པ་དག་ལེགས་པར་བསྟན་དུ་གསོལ། དེ་ཅིའི་ཕྱིར་ཞེ་ན། བཙུན་པ་བཅོམ་ལྡན་འདས། དེ་ལས་འདི་ལྟར་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་གང་ལགས་ པའི་ཕུན་སུམ་ཚོགས་པ་དེ་དག་ཐམས་ཅད་འབྱུང་བར་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་འཇིག་ རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེ་ན་ད་ལྟར་གང་དག་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དང། བྱང་ཆུབ་སེམས་ དཔའ་བརྒྱ་སྟོང་ཕྲག་མང་པོ་དང། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པ་དང་གྲངས་མེད་པ་དག་གི་བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་ཡོད་དེ་ ཤཱ་རད་ཏིའི་བུ། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ [56B] བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཆོས་ བསྟན་པ་སངས་རྒྱས་ཀྱི་མཐུས་འཛིན་པར་བྱེད། འཆང་བར་བྱེད་ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་དོ། །ཤཱ་རད་ ཏིའི་བུ༑ ངས་ད་ལྟར་ཆོས་སྟོན་པ་གང་ཡིན་པ་འདི་ནི། ངས་ཆོས་ཅུང་ཟད་ཙམ་ཞིག་བསྟན་པར་ཟད་ཀྱི། ཤཱ་རད་ཏིའི་བུ། གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་བསྟན་པ་གང་ཡིན་པ་དེ་ནི། དཔག་ཏུ་མེད་གྲངས་མེད་དེ། ཆོས་བསྟན་པ་དེའི་གན་ན་ངས་ཆོས་བསྟན་པ་འདི་ནི་ བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང། བརྒྱ་སྟོང་གི་ཆ་དང། བྱེ་བ་བརྒྱའི་ཆ་དང། བྱེ་བ་སྟོང་གི་ཆ་དང། བྱེ་བ་བརྒྱ་སྟོང་གི་ཆ་དང། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་ དང། གྲངས་དང། ཆ་དང། བགྲང་བ་དང། དཔེ་དང། རྒྱུར་ཡང་མི་བཟོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་འགྱུར་བ་གང་ཡིན་པ་དང། བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་ [57A]༄༅། །པར་འགྱུར་བ་གང་ཡིན་པས་ཀྱང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པ་དེས་ཆོས་བསྟན་པ་གང་ཡིན་པའི་ཆོས་བསྟན་པ་དེ་ནི། དཔག་ཏུ་མེད་ཅིང་གྲངས་མེད་དེ། ཆོས་བསྟན་པ་དེའི་གན་ན་བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ ཐམས་ཅད་ཀྱིས་ཆོས་སྟོན་པར་འགྱུར་བ་དག་ནི། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང། བརྒྱ་སྟོང་གི་ཆ་དང་བྱེ་བ་བརྒྱའི་ཆ་དང། བྱེ་བ་སྟོང་གི་ཆ་དང། བྱེ་བ་ བརྒྱ་སྟོང་གི་ཆ་དང། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང། གྲངས་དང། ཆ་དང། བགྲང་བ་དང། དཔེ་དང། རྒྱུར་ཡང་མི་བཟོད་དེ། ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདི་སྐད་དུ་ཀྱེ་མ་ནམ་བདག་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འབྱུང་བར་ འགྱུར་བ་དེ་ལ་བདག་ཆོས་སྟོན་པར་འགྱུར་ཞིང་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་མཐུས་དེ་དག་གིས་འཛིན་པར་འགྱུར་བ་དང། འཆང་བར་འགྱུར་བ་དང། ཀློག་ [57B] ཀུན་ཆུབ་པར་བྱེད་པར་འགྱུར་བ་དང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ཁྱད་པར་གྱིས་གྱུར་པ་ ཡིན་ནོ༑ ༑ཤཱ་རད་ཏིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཆོས་བསྟན་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་མཐུ་དང། རང་རང་གི་དགེ་བའི་རྩ་བའི་ རྣམ་པར་སྨིན་པས་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད་ཀུན་ཆུབ་པར་བྱེད་ཅིང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་དོ། །ཤཱ་རད་ཏིའི་བུ་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གལ་ཏེ་དེ་བཞིན་གཤེགས་པ་རྣམས་ལ་བལྟ་བ་དང། ཕྱག་བྱ་བ་དང་བསྙེན་བཀུར་བྱ་བ་དང། ཆོས་མཉན་ པའི་ཕྱིར་སངས་རྒྱས་ཀྱི་ཞིང་གཞན་དག་དང། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འགྲོ་བར་འདོད་ན། དེ་དག་གིས་སེམས་བསྐྱེད་མ་ཐག་ཏུ་སངས་རྒྱས་ཀྱི་མཐུ་དང། རང་རང་གི་ དགེ་བའི་རྩ་བའི་སྟོབས་བསྐྱེད་པས། སངས་རྒྱས་ཀྱི་ཞིང་གཞན་དག་དང། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་འགྲོ་བར་འགྱུར་ཏེ། དེ་དག་སངས་རྒྱས་ཀྱི་ཞིང་དེ་དག་དང། འཇིག་ རྟེན་གྱི་ཁམས་དེ་དག་ཏུ་སོང་ནས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་བར་བྱེད། འདུད་པར་བྱེད། བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་ [58A]༄༅། །པར་བྱེད། ཡོངས་སུ་ཞུ་བར་བྱེད། ཡོངས་སུ་འདྲིས་པར་བྱེད་ཅིང། ཆོས་ཐོས་ནས་བཟུང་སྟེ་སེམས་ཅན་རྣམས་ལ་ཆོས་སྟོན་པར་ཡང་བྱེད་དོ། །དེ་དག་ གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་བྱས། འདུད་པ་བྱས། བཀུར་སྟིར་བྱས། བླ་མར་བྱས། རི་མོར་བྱས། མཆོད་པར་བྱས་ཡོངས་སུ་ཞུ་བར་བྱས། ཡོངས་ སུ་འདྲི་བར་བྱས་ཤིང། ཆོས་དེ་ཐོས་ནས་བཟུང་སྟེ་སེམས་ཅན་རྣམས་ལ་ཆོས་ཀྱང་བསྟན་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་ལྡོག་པར་བྱེད་དོ། །ཤཱ་རད་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བསྐལ་པ་ཆེན་པོ་ བཟང་པོ་འདི་ལ་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་འབྱུང་བར་འགྱུར་བ་དེ་དག་ལ་བལྟ་བར་འདོད་པ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱའོ། །ཤཱ་རད་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ་ [58B] སྐྱེ་བར་འགྱུར་བ་དེ་དག་ནི། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྟུང་བའི་སྐལ་པ་ཅན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་ དཔའ་དེ་དག་ནི། དེ་བཞིན་གཤེགས་པའི་རྟོགས་པ་དང་འདྲ་བར་རིག་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་དེ་དག་ནི། སངས་རྒྱས་ཀྱི་བཞུད་པ་ལྟ་བུ་རིག་པར་བྱ་བ་དང་ བྱང་ཆུབ་སེམས་དཔའ་དེ་དག་ནི། བདུད་སྡིག་ཅན་ཐམས་ཅད་ཀྱིས་མི་རྫི་བར་རིག་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་དེ་དག་ནི་ཉན་ཐོས་ཀྱི་ས་དང། རང་སངས་རྒྱས་ ཀྱི་སར་མཚམས་སྦྱོར་བ་ཆད་པར་རིག་པར་བྱ་བ་དང། བྱང་ཆུབ་སེམས་དཔའ་དེ་དག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མཚམས་སྦྱོར་བར་རིག་པར་བྱ་བ་ ཤ་སྟག་ཡིན་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ནི། འདུས་པ་ན་དེ་བཞིན་གཤེགས་པ་འདུས་པ་དང། རྡོ་རྗེ་ལྟར་སྲ་ཞིང་མི་ཕྱེད་པའི་འདུས་ པ་ཤ་སྟག་ཡིན་པར་རིག་པར་བྱའོ། །ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་ རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་དག་ནི་རྣམ་པར་དག་པ་དང། སྙིང་པོ་ལ་གནས་པ་དང། ཕྱིར་མི་ལྡོག་པའི་ཆོས་ཅན་དང། མི་འཕྲོག་པའི་ཆོས་ཅན་ [59A]༄༅། །དང། ཕྱིར་མི་ལྡོག་པའི་ཆོས་ཅན་ཤ་སྟག་སྟེ། དེ་དག་ནི། བྱང་ཆུབ་ཏུ་ངེས་པ་དང། བྱང་ཆུབ་ལས་མི་བསྐྱོད་མི་གཡོ་ཞིང་བྱང་ཆུབ་སེམས་དཔའ་དེ་དག་ ནི༑ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་གནས་ལ་གནས་པ་ཤ་སྟག་ཏུ་རིག་པར་བྱའོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ་འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེའམ་ སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི། དེ་བཞིན་གཤེགས་པའི་མཛོད་དུ་ཞུགས་པར་རིག་པར་བྱའོ། །མི་འཇིག་པའི་གྲོང་ཁྱེར་དུ་ཞུགས་པར་རིག་པར་བྱའོ། །ཤཱ་རད་ཏིའི་བུ། ཡང་སངས་ རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གཏམ་བརྗོད་ཅིང་གཅིག་ལ་གཅིག་སྟོན་པའི་འདུ་ཤེས་ཉེ་བར་འཇོག་པར་བྱེད་དོ། །ཤཱ་ རད་ཏིའི་བུ། ཡང་སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་གང་དག་ཁྱིམ་ན་གནས་པ་དག་ནི། ཤིན་ཏུ་ཉུང་གི་སངས་རྒྱས་ཀྱི་ཞིང་དེའི་བྱང་ ཆུབ་སེམས་དཔའ་དེ་དག་ནི། ཕལ་ཆེར་ཁྱིམ་གྱི་གནས་ནས་མངོན་པར་བྱུང་ཞིང་རབ་ཏུ་བྱུང་བ་ཤ་སྟག་གོ་ཤཱ་རད་ཏིའི་བུ། ཡང་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་ [59B]འཁྲུགས་པ་དེ་ཆོས་སྟོན་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་སངས་རྒྱས་ཀྱི་མཐུ་དང། རང་རང་གི་ དགེ་བའི་རྩ་བའི་སྟོབས་བསྐྱེད་པས་ཆོས་བསྟན་པ་དེ་དག་ཐམས་ཅད་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་དོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གང་དག་ཁྱིམ་གྱི་གནས་ནས་མངོན་པར་བྱུང་ཞིང་ཆོས་བསྟན་པ་དེར་མ་འདུས་ཤིང་ལུས་ཀྱི་མངོན་སུམ་དུ་མ་གྱུར་པ་དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་གང་ན་འགྲེང་ བའམ༑ འདུག་པའི་གནས་དེ་ཉིད་ནས་ཆོས་བསྟན་པ་དེ་དག་ཐམས་ཅད་ཐོས་ཤིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་དོ། །ཤཱ་རད་ ཏིའི་བུ༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་གང་དག་ཁྱིམ་གྱི་གནས་ནས་མངོན་པར་མ་བྱུང་ཞིང། ཆོས་བསྟན་པ་དེར་ལུས་ཀྱི་མངོན་སུམ་དུ་མ་གྱུར་བ་དེ་དག་ཀྱང་ གང་ན་འགྲེང་ངམ། འདུག་ཀྱང་རུང་སྟེ། དེ་ན་འགྲེང་བཞིན་དུ་སངས་རྒྱས་ཀྱི་མཐུས་ཆོས་བསྟན་པ་དེ་དག་ཐམས་ཅད་ཐོས་ཤིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་ བྱེད༑ ཀུན་ཆུབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཚེ་བརྗེས་ན་ཡང་ཆོས་དེ་དག་བརྗེད་པར་མི་འགྱུར་རོ་།སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འདོད་པའི་ [60A]༄༅། །སངས་རྒྱས་ཀྱི་ཞིང་དེ་དང་དེར་སྐྱེ་བར་འགྱུར་ཏེ་ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་སྔོན་གྱི་སྨོན་ལམ་ གྱི་ཁྱད་པར་གྱིས་གྱུར་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་གཅིག་ལ་སངས་རྒྱས་བརྒྱ་ཕྲག་མང་པོ་དང། སངས་རྒྱས་སྟོང་ཕྲག་མང་པོ་ དང། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་མཐོང་བར་འདོད་པས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱའོ། །ཤཱ་རད་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེར་ སྐྱེས་མ་ཐག་ཏུ་སངས་རྒྱས་བརྒྱ་ཕྲག་མང་པོ་དང། སངས་རྒྱས་སྟོང་ཕྲག་མང་པོ་དང། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་ པོ་དག་མཐོང་བར་འགྱུར་ཞིང། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་དགེ་བའི་རྩ་བ་མང་པོ་དག་བསྐྱེད་པར་འགྱུར་རོ། །སྲོག་ཆགས་བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ [60B] སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ལ་ཆོས་སྟོན་པར་ཡང་འགྱུར་ཞིང། དེ་དག་གི་དགེ་བའི་རྩ་བ་རྣམས་ཀྱང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྐྱེད་དུ་འཇུག་པར་འགྱུར་རོ། །ཤཱ་རད་ཏིའི་བུ། ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ད་ལྟར་གྱི་བསྐལ་པ་བཟང་པོ་ འདི་ལ་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་གང་དག་འབྱུང་བར་འགྱུར་བ་དེ་དག་ཐམས་ཅད་ལ་ན་བཟའ་དང། བསོད་སྙོམས་དང་གཟིམས་ཆ་དང། སྙུན་གྱི་གསོས་སྨན་དང། ཡོ་བྱད་ ཐམས་ཅད་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅིང། དེ་དག་ཐམས་ཅད་ལ་བཀུར་སྟིར་བྱས། བླ་མར་བྱས་རི་མོར་བྱས། མཆོད་པར་བྱས་ནས་ཀྱང་སངས་ རྒྱས་བཅོམ་ལྡན་འདས་དེ་དག་གི་སྤྱན་སྔར་མངོན་པར་བྱུང་ཞིང་རབ་ཏུ་བྱུང་ནས་ཚངས་པར་སྤྱད་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་ཚེ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་བསོད་ནམས་མངོན་པར་ འདུ་བྱ་བ་བསྐྱེད་ན། ཤཱ་རད་ཏིའི་བུ། བསོད་ནམས་མངོན་པར་འདུ་བྱ་བ་སྔ་མ་དེ་ནི། བསོད་ནམས་མངོན་པར་འདུ་བྱ་བ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང། བརྒྱ་ [61A]༄༅། །སྟོང་གི་ཆ་དང། བྱེ་བ་བརྒྱའི་ཆ་དང། བྱེ་བ་སྟོང་གི་ཆ་དང། བྱེ་བ་བརྒྱ་སྟོང་གི་ཆ་དང། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང། གྲངས་དང། ཆ་དང། བགྲང་ བ་དང། དཔེ་དང། རྒྱུར་ཡང་མི་བཟོད་དོ། །ཤཱ་རད་ཏིའི་བུ། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་ རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སམ། སྐྱེའམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ ལྡོག་པར་ལུང་བསྟན་པ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་དེ་ན་བར་ཆད་བྱེད་པའི་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཉེ་བར་གནས་པ་ མེད་ལ། བདུད་ཀྱི་ལས་རྣམས་ཉེ་བར་གནས་པ་མེད་ཅིང་མཐོ་བརྩམ་པར་ཞུགས་པ་མེད་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ་དཔེར་ན། མི་ཞིག་གིས་སྔགས་ཀྱི་མྠུའམ་ [61B]དེ་བཏང་མ་ཐག་ཏུ་འཛིན་པའམ། མཐོ་བརྩམ་པའམ། རྣམ་པར་འཚེ་མི་ནུས་པས། གང་དག་དེ་ལས་གཞན་པའི་སྲོག་ཆགས་ཀྱི་ རིགས་དེ་དག་ཀྱང་དེས་འཇིགས་པ་མེད་ལ་སེམས་ཅན་འགའ་ཙམ་ལ་ཡང་མཐོ་བརྩམ་པ་མེད་ཅིང་བར་ཆད་མི་བྱེད་མོད་ཀྱི། ཤཱ་རད་ཏིའི་བུ། འོན་ཀྱང་དེའི་སྔོན་གྱི་ལས་མངོན་པར་འདུ་བྱེད་ པས་གྲུབ་པའི་ལུས་དེ་ལ་སྦྲུལ་གདུག་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེས་ཅི་ནས་བདག་མངོན་པར་རྫོགས་པར་སངས་རྒྱས་ནས་བདུད་སྡིག་ཅན་རྣམས་བཏུལ་ཏེ་གདུག་པ་མེད་པར་བྱས་ནས་ཕྱིས་ཀྱང་བར་ཆད་བྱེད་ པ་མེད་པར་གྱུར་ཅིག་ཅེས་དགེ་བའི་རྩ་བ་རྣམས་དེ་ལྟ་དེ་ལྟར་ཡོངས་སུ་བསྔོས་པས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་བྱང་ཆུབ་སེམས་དཔའ་དེ་དག་དང། ཉན་ཐོས་དེ་དག་དང་ སོ་སོའི་སྐྱེ་བོ་དེ་དག་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་བར་ཆད་བྱེད་པ་འགའ་ཡང་མེད་མོད་ཀྱི། ཤཱ་རད་ཏིའི་བུ། འོན་ཀྱང་སངས་རྒྱས་ཀྱི་ཞིང་དེ་ན་གང་དག་སྔོན་གྱི་མངོན་པར་འདུ་བྱེད་པའི་ [62A]༄༅། །ལས་ཀྱིས་གཞན་འཕྲུལ་དབང་བྱེད་ཀྱི་རིས་ཀྱི་ལྷར་སྐྱེས་པ་དེ་དག་བདུད་ཅེས་བྱ་བའི་མིང་འཐོབ་སྟེ། མིང་དེ་དང་སྐྱེས་པ་དེས་སྨོད་ཅིང་ཆོས་བསྟན་པ་ཉན་ པར་བྱེད་དོ། །ཐོས་ནས་ཀྱང་དད་པ་ཐོབ་ཅིང་ཉན་ཐོས་དེ་དག་ལ་ཡང་དགའ་བར་བྱེད་དེ། བདག་ཅག་ཀྱང་ནམ་ཞིག་ན་འདི་ལྟར་འདོད་པ་ཆུང་བ་དང། འདི་ལྟར་ཆོག་ཤེས་པ་དང། འདི་ ལྟར་རབ་ཏུ་དབེན་པ་ལ་གནས་པར་འགྱུར་ཞིག་གུ་སྙམ་མོ། །དེ་ལྟར་བདུད་དེ་དག་མངོན་པར་འབྱུང་བའི་རྣམ་པར་རྟོག་པ་ཀུན་ཏུ་འབྱུང་ཞིང་བར་ཆད་བྱེད་པ་མེད་པར་ཀུན་ཏུ་སྤྱོད་དེ། ཤཱ་རད་ ཏིའི་བུ༑ དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་སངས་རྒྱས་ཀྱི་ཞིང་གི་ཡོན་ ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ སྔོན་གྱི་སྨོན་ལམ་དང། མངོན་གྱི་བརྩོན་པ་དང། སྔོན་གྱི་སྐྱེས་བུའི་བྱེད་པས་སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང། ཉན་ཐོས་རྣམས་དང་ སོ་སོའི་སྐྱེ་བོ་དེ་དག་ཐམས་ཅད་ཤིན་ཏུ་བདེ་བ་དང་ལྡན་པར་གནས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ས་འདི་སྐད་ཅེས་ [62B] །བཙུན་པ་བཅོམ་ལྡན་འདས། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སངས་རྒྱས་ཀྱི་ཞིང་དེ་ལ་དགའ་ཞིང། ཉན་ཐོས་དང། རང་སངས་རྒྱས་ཀྱི་ས་ལས་ལྡོག་པར་འཚལ་ བ་དང། ངེས་པའི་གནས་སུ་མཆི་བར་འཚལ་བ་ལ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་སྩལ་ན། དེ་སྦྱིན་ པ་སྩལ་བས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བས་སྦྱིན་པ་དེ་ནི། ལེགས་པར་བཏང་བ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ཉན་ཐོས་ཉིད་དམ། རང་སངས་རྒྱས་ཉིད་དུ་ལྡོག་པའི་ སྐལ་བ་ཅན་མ་ལགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི། ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་བ་དང། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མངོན་དུ་གྱུར་བ་དག་མཉེས་པར་བགྱིད་པ་དང། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བར་འགྱུར་བ་དང། སངས་རྒྱས་བརྒྱ་ཕྲག་མང་པོ་དང། སངས་ རྒྱས་སྟོང་ཕྲག་མང་པོ་དང། སངས་རྒྱས་བརྒྱ་སྟོང་ཕྲག་མང་པོ་དང། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་མཐོང་བར་འགྱུར་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་ [63A]༄༅། །དག་ལ་དགེ་བའི་རྩ་བ་དག་ཀྱང་བསྐྲུན་བར་འགྱུར་བའི་སླད་དུ་སྟེ། བཙུན་པ་བཅོམ་ལྡན་འདས། རྣམ་གྲངས་འདིས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་སྩལ་ལ། སྦྱིན་པ་སྩལ་ བས་གལ་ཏེ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ལྟ་ན། བཙུན་པ་བཅོམ་ལྡན་འདས། ལེགས་པར་སྩལ་ཞིང་ལེགས་པར་བཏང་ལ་ལེགས་པར་སྐྱེས་པ་ལགས་ཏེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་སངས་རྒྱས་ཀྱི་ཞིང་དེར་ལེགས་པར་མཆིས་པ་ལགས་སོ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཤཱ་རད་ཏིའི་བུ། དེ་ནི། ལེགས་པར་སོང་ཞིང་ལེགས་པར་སྐྱེས་པ་ཡིན་པས་ན། སངས་རྒྱས་ ཀྱི་ཞིང་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་ཡོངས་སུ་གང་བ་ཡིན་ནོ། །ཤཱ་རད་ཏིའི་བུ། དེ་ནི། འདི་ལྟ་སྟེ། དཔེར་ན། གསེར་གྱི་རིགས་གསེག་མ་དང། གྱོ་ མོ་མེད་ཅིང། རྡོབ་དང། ས་རྡུལ་མེད་ཅིང་དག་པའི་སྙིང་པོ་ལ་གནས་པར་གྱུར་པ་དེ་ལས་གསེར་བླངས་ཏེ་སྤུད་པ་གཉིས་ཀྱིས་བཞུ་ཞིང་བཏུལ་ལ་བཞུགས་ཤིང་བཏུལ་ནས་རྒྱན་ [63B]ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་དག་པའི་སྙིང་པོ་ལ་གནས་པ་ཤ་སྟག་སྟེ། ཤཱ་རད་ཏིའི་བུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་པ་དེ་དག་ནི། དག་པ་ཡིན་པར་རིག་པར་བྱའོ། །ཤཱ་རད་ ཏིའི་བུ༑ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་གང་དག་སྐྱེས་སམ། སྐྱེའམ། སྐྱེ་ བར་འགྱུར་པ་དེ་དག་ཐམས་ཅད་ནི། འདི་ལྟ་སྟེ། སེམས་ཅན་དག་པ་ཞེས་བྱ་བ་དེ་ལྟ་བུའི་གྲངས་སུ་འགྲོའོ། །དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཕྱིར་མི་ལྡོག་པ་ཞེས་བྱ་བ་དེ་ལྟ་བུའི་ གྲངས་སུ་འགྲོའོ། །དེ་དག་ཐམས་ཅད་ནི། འདི་ལྟ་སྟེ། རྟེན་གཅིག་སྟེ། དེ་བཞིན་གཤེགས་པ་ལ་བརྟེན་པ་ཞེས་བྱ་བ་དེ་ལྟ་བུའི་གྲངས་སུ་འགྲོ་སྟེ། ཤཱ་རད་ཏིའི་བུ། ཇི་ལྟར་ན། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་གཅིག་པ་ཡིན་ཞེ་ན། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་བཞིན་གཤེགས་པ་ལ་བརྟེན་པར་གྱུར་པ་དེ་ནི་ [64A]༄༅། །རྟེན་གཅིག་པ་ཞེས་བྱའོ། །གཞན་ཡང་རྟེན་གཅིག་པ་ཞེས་བྱ་བ་དེ་ནི། གང་ཉན་ཐོས་དང། རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་ཤིན་ཏུ་འདས་པ་ཞེས་བྱ་ བའི་ཚིག་བླ་དྭགས་སོ། །ཤཱ་རད་ཏིའི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟེན་གཅིག་པ་དེ་བཞིན་གཤེགས་པ་ལ་བརྟེན་པ་རྗེས་སུ་འཐོབ་པར་འདོད་པས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱའོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་དག་ངས་ཕྱིར་མི་ལྡོག་པར་ལུང་བསྟན་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མི་འཁྲུགས་པའི་དྲུང་དུ་སྐྱེ་བར་བྱ་སྟེ། ཤཱ་རད་ཏིའི་བུ། ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་དྲུང་དུ་བཏང་བ་དེ་དག་ནི། ངས་ཡོངས་སུ་སྤངས་པ་མ་ཡིན་ནོ། ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་ བསྐུར་བ། མཐུ་དང། སྟོབས་དང། བརྩོན་འགྲུས་ཐོབ་པ་ཞིག་རྒྱལ་སྲིད་འདོད་པ་དང། ནོར་འདོད་པ་དང། ཡུལ་འདོད་པའི་ཕྱིར་འཐབ་ཟླའི་རྒྱལ་པོའི་གན་དུ་འགྱེད་ཅིང་འཐར་ཏུ་སོང་བ་དང་ [64B]པ་དང། ནོར་འདོད་པ་དང། ཡུལ་འདོད་པའི་ཕྱིར་འགྱེད་ཅིང་འཐབ་ཏུ་འོང་ངོ་ཞེས་ཐོས་སོ། །དེ་སྐད་ཐོས་ནས་རྒྱལ་པོ་དེས་འདི་སྙམ་དུ་ གང་དག་རིན་པོ་ཆེ་རྣམས་དང། བཙུན་མོའི་འཁོར་རྣམས་དང། བུ་དང། བུ་མོ་རྣམས་དང། གང་དག་འཐབ་པར་མི་ནུས་པའི་གཞོན་ནུ་དེ་དག་ཐམས་ཅད་གང་ན་རྒྱལ་པོའི་དཔུང་ཡོད་པ་དང། ཐུལ་ པར་དཀའ་བ་དེར་བཀྱེ་ན། བདེ་བར་གནས་པར་འགྱུར་གྱི། འདི་ན་ནི་སྡུག་བསྔལ་བར་འགྱུར་རོ། །སྙམ་ནས་གྲོང་ཁྱེར་གཞན་དག་ཏུ་བསྐུངས་སོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་ངས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་དྲུང་དུ་ བཏང་བ་དེ་དག་ཀྱང་ངས་ཡོངས་སུ་སྤངས་པ་མ་ཡིན་ཏེ། ཤཱ་རད་ཏིའི་བུ། ཇི་ལྟར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དེའི་རིན་པོ་ཆེ་རྣམས་དང། བཙུན་མོའི་འཁོར་རྣམས་དང་ བུ་དང། བུ་མོ་རྣམས་དང། གང་དག་འཐབ་པར་མི་ནུས་པའི་གཞོན་ནུ་བསྐུངས་པ་དེ་ལྟར་ནི། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་རྣམས་བལྟའོ། །ཤཱ་རད་ ཏིའི་བུ། ཇི་ལྟར་གང་དུ་རྒྱལ་པོའི་རིན་པོ་ཆེ་རྣམས་དང། བཙུན་མོའི་འཁོར་རྣམས་དང། བུ་དང། བུ་མོ་རྣམས་དང། གང་དག་འཐབ་པར་མི་ནུས་པའི་གཞོན་ནུ་རྣམས་བསྐུངས་པའི་ [65A]༄༅། །གྲོང་ཁྱེར་དེ་ལྟར་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་ རྒྱས་ཀྱི་ཞིང་བལྟའོ། །ཤཱ་རད་ཏིའི་བུ། ཇི་ལྟར་འཐབ་ཏུ་འོང་བའི་རྒྱལ་པོ་དེ་ལྟར་ནི། སངས་རྒྱས་ཀྱི་ཞིང་འདི་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་ དང། རིགས་ཀྱི་བུ་མོ་རྣམས་ལ་བར་ཆད་བྱེད་པའི་ལས་ལ་གནས་པ་མཐོ་འཚམ་པ་ལ་ཞུགས་པའི་བདུད་རྣམས་བལྟའོ། །ཤཱ་རད་ཏིའི་བུ། ཇི་ལྟར་རྒྱལ་པོ་མཐུ་ དང་ལྡན་ཞིང་ཐུལ་བར་དཀའ་བ་དེ་ལྟར་ནི། བདུད་དང། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་ཀྱིས་མི་ཐུལ་བའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་བལྟའོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། བུ་ལོན་པས་འཇིགས་ཤིང་སྐྲག་པའི་མི་ནི། གང་དུ་སོང་ན་བུ་ལོན་ པའམ༑ བུ་ལོན་པའི་མི་དག་གིས་མི་ཚུགས་པར་འགྱུར་བའི་མཐའ་འཁོབ་ཀྱི་གྲོང་ཁྱེར་དུ་འབྲོས་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེར་བུ་ལོན་པའམ། བུ་ལོན་པའི་ མི་དེ་རྣམས་འོང་བའི་ལམ་ཆད་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ [65B]པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་པ་དེ་དག་ལ་བདུད་སྡིག་ཅན་དང། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱི་ལམ་ཆད་པ་ ཡིན་ནོ༑ ༑ཤཱ་རད་ཏིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བདུད་སྡིག་ཅན་དང། བདུད་ཀྱི་རིས་ཀྱི་ལྷ་གང་དག་འཁོད་པ་དེ་དག་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དང། ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གང་དག་འཁོད་པ་དེ་དག་ལ་བར་ཆད་བྱ་བའི་ ཕྱིར་ཉེ་བར་གནས་པ་དང། མཐོ་འཚམས་པའི་ཕྱིར་ཞུགས་པ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པའི་སངས་རྒྱས་ཀྱི་ཞིང་ན་བདུད་དང། བདུད་ཀྱི་རིས་ཀྱི་ལྷ་རྣམས་བདུད་ཀྱི་ལས་ཀྱི་ཕྱིར་ཉེ་བར་གནས་པ་མེད་དོ། །ཤཱ་རད་ཏིའི་བུ། ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་བསམ། སྐྱེའམ་སྐྱེ་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་དག་ནི། བརྒྱ་ལམ་ན་ཡང་འཇིགས་པར་མི་འགྱུར་རོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི། འདི་ལྟར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་ [66A]༄༅། །སྤྱད་པ་སྤྱོད་པ་ན་ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་ བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་པར་ཆད་བྱ་བའི་ཕྱིར་ཉེ་བར་གནས་པ་མེད་པ་དེ་ལྟ་དེ་ལྟ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། འདི་ལྟ་ སྟེ༑ དཔེར་ན། ཟག་པ་ཟད་པའི་དགྲ་བཅོམ་པ་ནི། བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པར་གནས་སོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སམ་ སྐྱེའམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བདེ་བ་ཐོབ་ཅིང་མི་འཇིགས་པ་ཐོབ་པར་གནས་ཏེ། དེ་དག་ནི། ཀུན་ཏུ་བསྲུངས་པ་དང། བསྐྱབས་པ་དང། སྤས་པ་ཡིན་ པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཁ་ལོ་སྒྱུར་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པ་དེ་ཉིད་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེ་བླ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ [66B] བདུད་ཀྱི་རིས་ཀྱི་ལྷ་རྣམས་བདུད་ཀྱི་ལས་ལ་ཉེ་བར་མི་གནས་ཤིང་མཐོ་འཚམ་པའི་ཕྱིར་འཇུག་པ་མེད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་རྣམས་བསྐྱེད་པའི་ ཕྱིར་རོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། མི་ཞིག་གིས་དུག་སྨན་ཟོས་ཏེ་དུག་འཐུངས་ན། དེས་དུག་དེ་ཁ་ཟས་ཀྱི་བྱ་བར་བྱས་ཀྱང་གདུག་པ་མེད་ཅིང་ལེགས་པར་འཇུའོ། ། ཤཱ་རད་ཏིའི་བུ། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་ དཔར་གྱུར་ཅིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཇི་ལྟར་སངས་རྒྱས་ཀྱི་ཞིང་དེར་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་བདུད་ཀྱི་ལས་ལ་ཉེ་བར་མི་གནས་ཤིང་ མཐོ་འཚམ་པའི་ཕྱིར་འཇུག་པ་མེད་པ་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པས་ན། ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་ཞིང་དེ་དེ་ལྟ་བུའི་ཡོན་ཏན་ཐམས་ ཅད་དང་ལྡན་པ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་འདི་སྙམ་དུ་སེམས་ཏེ། སངས་རྒྱས་ཀྱི་མཐུས་བདག་ཅག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་དང། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང། ཉན་ཐོས་ཀྱི་དགེ་འདུན་དེ་དག་དང། བྱང་ཆུབ་སེམས་དཔའི་ [67A]༄༅། །ཚོགས་དཔག་ཏུ་མེད་ཅིང་གྲངས་མེད་པ་དེ་དག་བལྟ་བར་བྱའོ། །སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུའི་སེམས་ ཀྱི་ཡོངས་སུ་རྟོགས་པ་ཐུགས་ཀྱིས་མཁྱེན་ནས་དེའི་ཚེ་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་མཛད་དེ། ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ མངོན་པར་མཛད་པས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་སྟན་དེ་ཉིད་ལ་འདུག་བཞིན་དུ་སངས་རྒྱས་ཀྱི་ཞིང་དེ་དང། བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་འཁོར་དང་ བཅས་པ་དེ་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་།ཤཱ་རད་ཏིའི་བུ། ཁྱོད་ཀྱིས་སངས་རྒྱས་ ཀྱི་ཞིང་དེ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང། ཉན་ཐོས་ཀྱི་དགེ་འདུན་དེ་དང་ བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་ཅིང་གྲངས་མེད་པ་དེ་དག་མཐོང་ངམ། གསོལ་པ། བཙུན་པ་བཅོམ་ལྡན་འདས། མཐོང་ལགས་སོ་།བདེ་བར་གཤེགས་ [67B] མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། ཁྱོད་ཀྱིས་འདི་ལྟར་ལྷ་དེ་དག་དང། མི་དེ་དག་ཉེ་བར་སྤྱོད་པ་དང། ཡོངས་སུ་སྤྱོད་པ་དང་ རྩེ་བ་དང། དགའ་བས་བྱེ་བྲག་གམ་ཐ་དད་དུ་བྱ་བ་ཅི་ཡང་མཐོང་ངམ། དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་ གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདག་གིས་འདི་ལྟར་ལྷ་དེ་དག་དང། མི་དེ་དག་ཉེ་བར་སྤྱོད་པ་དང། ཡོངས་སུ་སྤྱོད་པ་དང་རྩེ་བ་དང། དགའ་བས་བྱེ་བྲག་གམ་ཐ་ དད་དུ་བགྱི་བ་ཅི་ཡང་མ་མཐོང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས། སངས་རྒྱས་ཀྱི་ཞིང་དེ་ན་ཉེ་བར་སྤྱོད་པ་དང། ཡོངས་སུ་སྤྱོད་པ་ཐམས་ཅད་ལྷ་ རྫས་ཉིད་ལགས་པ་དང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཕྱོགས་བཅུ་ཀུན་ཏུ་སྣང་བ་མཛད་ ཅིང། གསེར་གྱི་མཆོད་སྡོང་ལྟར་གཟི་བརྗིད་གསལ་ཞིང་ཤིས་པ་དང། དཔལ་འབར་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་ཅིང་དཔེ་བྱད་ བཟང་པོ་བརྒྱད་ཅུས་གཟུགས་ལེགས་པར་སྤྲས་ལ། ཉན་ཐོས་ཀྱི་དགེ་འདུན་གྱི་དབུས་ན་ཆོས་སྟོན་ཅིང་བཞུགས་པར་གདའ་བའི་སླད་དུའོ་།བཙུན་པ་བཅོམ་ལྡན་འདས། འདི་ [68A]༄༅། །ལྟ་སྟེ། དཔེར་བགྱི་ན། མི་ལ་ལ་ཞིག་རྒྱ་མཚོ་ཆེན་པོའི་ནང་དུ་མཆིས་པ་ན་ཤར་ཕྱོགས་སུ་ཞུགས་ཤིང་ངམ། རི་ཡང་མི་མཐོང་ཞིང་ལྷོ་ཕྱོགས་སུ་མ་ ལགས༑ ནུབ་ཕྱོགས་སུ་མ་ལགས་ཏེ། བྱང་ཕྱོགས་སུ་ཞུགས་ཤིང་ངམ་རི་ཡང་མི་མཐོང་བ་དེ་བཞིན་དུ་བཙུན་པ་བཅོམ་ལྡན་འདས། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་གྱི་ནང་དུ་མཆིས་ན། ཉན་ཐོས་ཀྱི་མཐའ་མ་ཤར་ཕྱོགས་ན་མི་གདའ། ཉན་ ཐོས་ཀྱི་མཐའ་མ་ལྷོ་ཕྱོགས་ན་ཡང་མི་གདའ། ནུབ་ཕྱོགས་ན་ཡང་མི་གདའ། བྱང་ཕྱོགས་ན་ཡང་མི་གདའ་ལགས་སོ། །བཙུན་པ་བཅོམ་ལྡན་འདས། ཡང་དེ་དག་ཇི་ ལྟར་སྙོམས་པར་ཞུགས་པ་དེ་ལྟར་ལུས་མི་གཡོ་མི་འགུལ་བར་ཆོས་ཉན་ཏོ། །བཙུན་པ་བཅོམ་ལྡན་འདས། འདི་ན་དགྲ་བཅོམ་པ་བསམ་གཏན་ལ་སྙོམས་པར་ཞུགས་ པའི་ལུས་ནི། གཡོ་བར་ཡང་འགྱུར་ལགས་ཀྱི། ཉན་ཐོས་དེ་དག་ནི་ཆོས་ཉན་པ་ན་ལུས་གཡོ་བ་མ་མཆིས་ཏེ། བཙུན་པ་བཅོམ་ལྡན་འདས་དེ་དག་ནི། ཇི་ལྟར་ སྙོམས་པར་ཞུགས་པ་དེ་ལྟར་མི་གཡོ་མི་འགུལ་བར་ཆོས་ཉན་པར་བགྱིད་པ་ལགས་སོ། །བམ་པོ་བཞི་པ། བཙུན་པ་བཅོམ་ལྡན་འདས། རིགས་ [68B] རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ ཡོངས་སུ་བཀང་སྟེ་སྦྱིན་པ་སྩལ་ཅིང་ཡོངས་སུ་བཏང་ལ། ཡོངས་སུ་བཏང་བས་གལ་ཏེ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ལྟ་ན་བཙུན་པ་བཅོམ་ལྡན་འདས། ལེགས་པར་སྩལ་ ཅིང་ལེགས་པར་བཏང་ལ་ལེགས་པར་སྐྱེས་པ་ལགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སངས་རྒྱས་ཀྱི་ཞིང་དེར་ལེགས་པར་མ་ཆིས་པ་ལགས་སོ། །དེ་ ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་ནི། ཕྱིར་མི་ལྡོག་པའི་ཆོས་ཉིད་རྗེས་སུ་ཐོབ་པར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། དེ་དེ་བཞིན་ ཏེ༑ ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། རྒྱལ་པོ་བཀའ་ཁྲིམས་བཙན་པོའི་འཕར་མ་པའི་མི་ཞིག་རྒྱལ་པོའི་རྒྱས་བཏབ་པའི་སྤྲིང་ཡིག་ཐོགས་ ཏེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་ཕྱོགས་གང་ཡང་རུང་བ་ཞིག་ཏུ་སོང་སྟེ། འགྲོ་བ་ན་དེ་ལ་ལ་གཅན་པ་རྣམས་སམ། ཤོ་གམ་པ་རྣམས་སམ། གྲུ་བ་ རྣམས་སམ། གྲོང་བ་རྣམས་སམ། གྲོང་ཁྱེར་བ་རྣམས་སམ། ལམ་པ་རྣམས་སམ། རྒྱལ་པོའི་མིའམ། ལམ་དུ་ཞུགས་པའམ། མགྲོན་པོའམ། དེ་ལས་གཞན་བ་ཡང་ [69A]༄༅། །རུང་སྟེ༑ སེམས་ཅན་འགའ་ཡང་དེ་ལ་འགྲོ་བའི་བར་ཆད་མི་བྱེད་ཅིང་མཐོ་མི་འཚམ་སྟེ། དེ་འགྲོ་བ་དང་འོང་བའི་ལམ་ལ་གེགས་མེད་པ་ ཉིད་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་རྒྱལ་པོའི་རྒྱས་བཏབ་པའི་ཕྱིར་དེ་འགྲོ་བ་ལ་གེགས་མེད་པར་འགྲོ་བར་བལྟའོ་།ཤཱ་རད་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ་སྐྱེའམ། སྐྱེ་བར་འགྱུར་བ་དེ་ དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་ རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མཉེས་པར་བྱེད་པར་འགྱུར་བ་དང། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བར་འགྱུར་བ་དང་ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ [69B] བྱང་ཆུབ་སེམས་དཔའ་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མི་འབྲལ་བར་འགྱུར་བ་དང། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་བུས་འདི་སྐད་ཅེས་ གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། གང་འདི་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་རྒྱུན་དུ་ཞུགས་པ་དང། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། མཚུངས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་འདི་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པའི་རྒྱུན་དུ་ཞུགས་པ་ དེས་ལོག་པར་ལྟུང་བ་རྒྱུན་བཅད་པ་དེ་བཞིན་དུ། བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་ སམ༑ སྐྱེའམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ལོག་པར་ལྟུང་བ་རྒྱུན་བཅད་པ་ལགས་པར་བལྟ་བ་དང། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཐམས་ཅད་རྒྱུན་ ཆད་པ་ལགས་པར་བལྟ་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་བར་མ་གྱུར་གྱི་བར་དུ་ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་ཞིང་ནས་ [70A]༄༅། །སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་བ་དང། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་ དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མི་འབྲལ་བར་འགྱུར་བའི་སླད་དུའོ། །དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་བཞིན་ནོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་ འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེའམ། སྐྱེ་བར་འགྱུར་ བ་དེ་དག་ཐམས་ཅད་ནི། ལོག་པར་ལྟུང་བ་རྒྱུན་ཆད་པ་ཡིན་པར་བལྟ་བ་དང། ཉན་ཐོས་དང། རང་སངས་རྒྱས་ཀྱིས་ཐམས་ཅད་རྒྱུན་ཆད་པ་ཡིན་པར་བལྟ་བ་དང། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང་ ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བར་འགྱུར་བ་དང། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་དུ་ [70B] ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་ རྣམས་དང་མི་འབྲལ་བར་འགྱུར་རོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། རྒྱུན་དུ་ཞུགས་པ་ནི། ལོག་པར་ལྟུང་བའི་ཆོས་སུ་མི་འགྱུར་ཞིང་རྫོགས་པའི་བྱང་ཆུབ་ལ་ངེས་པར་ གཞོལ་ལོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་ དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེའམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང་ ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉེས་པར་བྱེད་པར་འགྱུར་བ་དང། ཐམས་ཅད་དུ་ཡང་སངས་རྒྱས་ཀྱི་བྱང་ ཆུབ་ཚོལ་བར་འགྱུར་བ་དང། ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་རྣམས་དང། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་མི་ [71A]༄༅། །འབྲལ་བར་འགྱུར་བར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་ གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། གང་འདི་ན་ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་གནས་པའི་ལན་གཅིག་ཕྱིར་འོང་བ་དང་སངས་རྒྱས་ཀྱི་ཞིང་དེར་སྐྱེས་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མཚུངས་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས། གང་འདི་ན་ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པའི་ ཕྱིར་མི་འོང་བ་དང། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་མཚུངས་པ་ལགས་སོ་།བཙུན་པ་བཅོམ་ལྡན་འདས་ གང་འདི་ན་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་ལ་གནས་པའི་དགྲ་བཅོམ་པ་དང། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་ མཚུངས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། ཁྱོད་ དེ་སྐད་མ་ཟེར་ཅིག་ཤཱ་རད་ཏིའི་བུ། ཁྱོད་ཡང་དེ་སྐད་མ་ཟེར་ཅིག་དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། གང་འདི་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [71B]དང། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཚུངས་ལ། གང་འདི་ ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང། སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ མཚུངས་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་གང་འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་པ་དང། སངས་རྒྱས་ཀྱི་ཞིང་དེར་ སྐྱེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། དེ་བཞིན་གཤེགས་པ་ལ་བརྟེན་པ་ཡིན་པར་རིག་པར་བྱ་བ་དང། དེ་དག་ནི། བདུད་དང། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་མི་བརྫི་བར་རིག་ པར་བྱ་བ་དང། བྱང་ཆུབ་སེམས་དཔའ་དེ་དག་ནི། ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་སར་མཚམས་སྦྱོར་བ་ཆད་པར་རིག་པར་བྱ་བ་དང། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་བ་དང། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་ [72A]༄༅། །པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་བའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ འདི་སྙམ་དུ་སེམས་ཏེ། འདི་ལ་གནས་བརྟན་རབ་འབྱོར་གྱིས་སྤོབས་པ་ཅི་འདི་འདྲ་བ་བདག་གིས་གནས་བརྟན་རབ་འབྱོར་ལ་སད་པར་བྱའོ་སྙམ་མོ། །དེ་ནས་ཚེ་དང་ལྡན་ པ་ཀུན་དགའ་བོས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་རབ་འབྱོར། བདག་ཅག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དེ་དང། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེ་བལྟ་བར་བྱའོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ། ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དེ་དང། སངས་རྒྱས་ཀྱི་ཞིང་དེ་བླྟའམ། སྨྲས་པ། གནས་ [72B] བདག་ཅག་གིས་བལྟའོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ ཀུན་དགའ་བོ། གནམ་དུ་ལྟོས་ཤིག་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གནམ་དུ་བལྟས་སོ། །བལྟས་ནས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ རབ་འབྱོར། བདག་གིས་གནམ་དུ་བལྟས་ན། སྟེང་གི་ནམ་མཁའ་ཐམས་ཅད་དབེན་པར་མཐོང་ངོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ། ཅི་ལྟར་ཁྱོད་ཀྱིས་སྟེང་གི་ནམ་མཁའ་ཐམས་ཅད་དབེན་པར་མཐོང་བ་དེ་བཞིན་དུ། ཚེ་དང་ལྡན་པ་ ཀུན་དགའ་བོ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ ཆུབ་སེམས་དཔའི་ཚོགས་དང་བཅས་པ་དེ་དང། སངས་རྒྱས་ཀྱི་ཞིང་དེ་ཡང་དེ་ལྟར་བལྟ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གང་འདི་ན་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང། དེར་སྐྱེས་ [73A]༄༅། །པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་མཚུངས་སོ། །ཞེས་བཀའ་སྩལ་ལགས་ན། བཙུན་པ་བཅོམ་ལྡན་འདས། དེ་མཉམ་པ་ཉིད་ གང་ཞིག་གིས་མཚུངས་པ་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་ ནི༑ ཆོས་ཀྱི་དབྱིངས་མཉམ་པ་ཉིད་ཀྱིས་མཚུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ལས། ལེའུ་བཞི་པ་རྫོགས་སོ།། །།དེ་ནས་ ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་འདི་སྙམ་དུ་སེམས་ཏེ། བཙུན་པ་བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཡོན་ཏན་ཡོངས་སུ་བརྗོད་པ་ཡང་བཤད། དེའི་སངས་རྒྱས་ཀྱི་ཞིང་གི་ ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཤད། ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཤད། བྱང་ཆུབ་སེམས་དཔའ་ཡོན་ཏན་བཀོད་པ་ཕུན་ སུམ་ཚོགས་པ་ཡང་བཤད་ན། བཙུན་པ་བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ [73B] ད་དུང་མ་བཤད་པས། བཙུན་པ་བཅོམ་ལྡན་འདས་ཀྱིས་ད་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་དེའི་ཚུལ་ཇི་འདྲ་བ་དང། མཚན་མ་ཇི་ལྟ་བུར་འགྱུར་བ་དེ་དག་ལེགས་པར་བཤད་ པའི་རིགས་སོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུའི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། གང་གི་ཉིན་མོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་ཉིན་མོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་དེ་དག་ ལ་ཆོས་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་སྐུ་སྤྲུལ་པ་དག་སྤྲུལ་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པའི་སྤྲུལ་པའི་སྐུ་དེ་དག་སེམས་ཅན་དེ་རྣམས་ལ་འདི་ལྟ་བུའི་ ཆོས་སྟོན་པར་འགྱུར་ཏེ། ཆོས་བསྟན་པ་དེས་སྔོན་ཆོས་བསྟན་པས་སེམས་ཅན་ཇི་སྙེད་བཏུལ་བར་གྱུར་པ་དེ་བས་ཆེས་དཔག་ཏུ་མེད་ཅིང་ཆེས་གྲངས་མེད་པའི་སེམས་ཅན་དག་ [74A]༄༅། །འདུལ་བར་འགྱུར་ཏེ། དེ་དག་ལས་སེམས་ཅན་ལ་ལ་དག་ནི་ཉན་ཐོས་ཀྱི་ཐེག་པ་ལ་འདུལ་བར་འགྱུར་རོ། །ལ་ལ་དག་ནི། རང་སངས་རྒྱས་ ཀྱི་ཐེག་པ་ལའོ། །ལ་ལ་དག་ནི། སྟོབས་བཅུའི་ཐེག་པ་བླ་ན་མེད་པ་ལ་འདུལ་བར་འགྱུར་རོ། །ཤཱ་རད་ཏིའི་བུ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ ཆེ་ཞེས་བྱ་བ་ལ་སྐྱེས་བུ་དམ་པ་ཁྱོད་ངའི་དམ་པའི་ཆོས་ནུབ་ནས་ཞག་བདུན་ལོན་པའི་འོག་ཏུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་འདིར་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིགས་པ་དང་ཞབས་ སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ གསེར་གྱི་པདྨ་ཞེས་བྱ་བར་འགྱུར་རོ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་ [74B]གསེར་གྱི་པདྨ་དེའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཅི་འདྲ་བ་དེ་འདྲ་ བར་འགྱུར་ཞིང། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་པདྨ་དེའི་ཉན་ཐོས་ཀྱི་དགེ་ འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་བཀོད་པ་ཕུན་སུམ་ཚོགས་པ་དང། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བཀོད་པ་ཕུན་སུམ་ ཚོགས་པ་ཅི་འདྲ་བ་དེ་འདྲ་བར་ལྷག་ཆད་མེད་པར་འགྱུར་རོ། །ཤཱ་རད་ཏིའི་བུ། ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་དུས་ཀྱི་ཚེ་ན་ས་ཆེན་པོ་དེ་རྣམ་པ་དྲུག་ཏུ་གཡོ་བར་འགྱུར་ཏེ། གཡོ་བར་འགྱུར། རབ་ཏུ་གཡོ་བར་འགྱུར་ [75A]༄༅། །ཀུན་ཏུ་རབ་ཏུ་གཡོ་བར་འགྱུར། འགུལ་བར་འགྱུར། རབ་ཏུ་འགུལ་བར་འགྱུར། ཀུན་ཏུ་རབ་ཏུ་འགུལ་བར་འགྱུར། ལྡེག་པར་འགྱུར། རབ་ཏུ་ ལྡེག་པར་འགྱུར། ཀུན་ཏུ་རབ་ཏུ་ལྡེག་པར་འགྱུར་ཞིང། འཇིག་རྟེན་དུ་སྣང་བ་ཆེན་པོ་ཡང་འབྱུང་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་ སྒྲ་སྐད་ཆེན་པོ་ཡང་འབྱུང་བར་འགྱུར་ཞིང་སྒྲ་དེ་ཡང་འདོད་པ་ན་སྤྱོད་པའི་ལྷའི་རིས་དྲུག་པ་དག་དང། འོག་མིན་གྱི་ལྷའི་རིས་རྣམས་ཀྱི་བར་དུ་གྲགས་པར་འགྱུར་ཏེ། དེ་ ན་འདོད་པ་ན་སྤྱོད་པའི་ལྷའི་རིས་རྣམས་དང། གཟུགས་ན་སྤྱོད་པའི་ལྷའི་རིས་དེ་དག་གིས་སྒྲ་དེ་ཐོས་ནས་ཀྱང་འདི་སྙམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སྙམ་དུ་རིག་པར་འགྱུར་ཞིང། འདི་ལྟར་རང་རང་གི་ ལྷའི་གཞལ་མེད་ཁང་རྣམས་ལ་མངོན་པར་མི་དགའ་བར་འགྱུར་བ་དེ་ལྟ་བུའི་མངོན་པར་མི་དགའ་བའི་འདུ་ཤེས་དག་ཀྱང་སྐྱེ་བར་འགྱུར་ལ་ཚིག་འདི་སྐད་དུ། ཀྱེ་མ་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་སྤྱན་དུ་གྱུར་པ། ཡེ་ཤེས་སུ་གྱུར་པ། དབང་དུ་ [75B] ཚད་མར་གྱུར་པ། སྣང་བར་གྱུར་པ་འདི་ཤིན་ཏུ་མྱུར་བར་འཇིག་རྟེན་དུ་ནུབ་བོ། །ཞེས་བརྗོད་པར་ཡང་འགྱུར་རོ་།ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་དུས་ཀྱི་ཚེ་སངས་རྒྱས་ཀྱི་ཞིང་དེ་ན་ རིན་པོ་ཆེའི་ཤིང་ལྗོན་པ་དང། དཔག་བསམ་གྱི་ཤིང་ལྗོན་པ་དང། རྩྭ་དང། གེལ་པ་དང། སྨན་དང། ནགས་ཚལ་གང་ཇི་སྙེད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ག་ལ་བ་དེ་ལོགས་སུ་རབ་ཏུ་ འདུད་པར་འགྱུར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ སྔོན་གྱི་སྨོན་ལམ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིས་འབྱུང་བ་རྣམས་ཀྱི་ཆེད་དུ་གྲོགས་པོ་དག་འདི་ཆོས་ཀྱི་སྒོའི་གཞི་བརྒྱ་རྩ་བརྒྱད་དེ། ང་འདས་ པའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་འདིར་སྐྱེ་བར་འགྱུར་བ་དེ་དག་གིས་ཆོས་ཀྱི་སྒོའི་གཞི་བརྒྱ་རྩ་བརྒྱད་པོ་འདི་ཀུན་ [76A]༄༅། །ཆུབ་བར་བྱས་ན། ཆོས་ཐམས་ཅད་ཀུན་ཆུབ་པ་དང། ཀུན་བཟུང་བར་འགྱུར་རོ། །ཞེས་ཆོས་ཀྱི་སྒོའི་གཞི་བརྒྱ་རྩ་བརྒྱད་འཇོག་པར་འགྱུར་རོ། །ཤཱ་ རད་ཏིའི་བུ། དེ་ལྟར་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་ཇི་ལྟར་ དེ་བཞུགས་པ་དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཆོས་ཐམས་ཅད་ཀུན་ཆུབ་བར་བྱེད་ཅིང། བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་དང། དེ་ བཞིན་གཤེགས་པ་ལ་བལྟ་བ་དང། ཕྱིར་མི་ལྡོག་པས་ན། ཤིན་ཏུ་ཡོངས་སུ་བཟུང་བ་ཡིན་ནོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ་ སྐྱེའམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི། ཇི་ལྟར་བཅོམ་ལྡན་འདས་དེ་བཞུགས་པ་དེ་བཞིན་དུ་དེ་ཡོངས་སུ་མྱ་ངན་ལས་འདས་པ་ནའང་ཆོས་ཐམས་ཅད་ཀུན་ [76B] །ཤཱ་རད་ཏིའི་བུ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་དུས་ཀྱི་ཚེ་འདི་ལྟར་སངས་རྒྱས་ཀྱི་མཐུས་སེམས་ཅན་གང་དག་འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་ སེམས་ཅན་དེ་དག་གི་མིག་ལམ་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྣང་བར་འགྱུར་རོ། །ཤཱ་ རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་ པོས་ཡོངས་སུ་མྱ་ངན་ལས་འདས་པ་ན་ལྷ་དང། མི་རྣམས་ཀྱིས་སྐུ་ལ་མཆོད་པ་བྱ་བའི་ཕྱིར་ལྷ་དང། མིའི་མེ་ཏོག་དང། བདུག་པ་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་ དང། ཕྱེ་མ་དང། གོས་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། རིན་པོ་ཆེའི་རྒྱན་དག་གིས་སྐུ་ལ་མངོན་པར་འཐོར་བར་འགྱུར་ཏེ། ལྷ་དང། མི་རྣམས་ཀྱི་མེ་ཏོག་ དང། བདུག་པ་དང། སྤོས་དང། མེ་ཏོག་ཕྲེང་དང། བྱུག་པ་དང་ཕྱེ་མ་དང། གོས་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། རིན་པོ་ཆེའི་རྒྱན་དེ་དག་མངོན་པར་ [77A]༄༅། །གཏོར་བའི་ཕུང་པོ་ནི། ཁོ་ར་ཁོར་ཡུག་དང། འཕང་དུ་དཔག་ཚད་གྱི་ཚད་ཙམ་དུ་འགྱུར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་ པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་ལྷ་དང། མི་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང་ མིའམ་ཅི་དང། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མི་འཁྲུགས་པ་དེའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ག་ལ་བ་དེ་ལོགས་སུ་འདུད་ཅིང་ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་འགྱུར་རོ་།ཤཱ་རད་ཏིའི་བུ། གཞན་ ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ ཡོངས་སུ་མྱ་ངན་ལས་འདས་པ་ན་ལྷ་དང། མི་དེ་རྣམས་ཉིན་མཚན་བདུན་དུ་མྱ་ངན་གྱི་ཟུག་རྡུ་དང་ལྡན་པར་གྱུར་ནས་ཀྱེ་མ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ [77B]དེ་ཤིན་ཏུ་མྱུར་བར་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་བྲང་བརྡུང་བར་འགྱུར་ཞིང། ལྷ་དང། མི་དེ་དག་ དགའ་བ་དང། རྩེད་མོ་ཉམས་སུ་མྱོང་བར་མི་འགྱུར། འདོད་པའི་ལོངས་སྤྱོད་ལ་འཇུག་བར་མི་འགྱུར་ཏེ། ལྷ་དང། མི་དེ་དག་དེ་ལྟར་སེམས་ཁོང་དུ་ཆུད་པར་གྱུར་ནས་ གཅིག་ལ་གཅིག་འདི་སྐད་དུ་ཀྱེ་མ་སྤྱན་དུ་གྱུར་པ། ཡེ་ཤེས་སུ་གྱུར་པ། དབང་དུ་གྱུར་པ། ཚད་མར་གྱུར་པ། སྣང་བར་གྱུར་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འདི་ཤིན་ཏུ་མྱུར་བར་འཇིག་རྟེན་དུ་ནུབ་བོ། །ཞེས་ཚིག་ཏུ་བརྗོད་པར་འགྱུར་རོ། །ཤཱ་རད་ཏིའི་བུ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ་ སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེའམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་པར་རིག་པར་བྱ་ སྟེ༑ ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་དེ་དག་ནི། བརྒྱར་བགྲང་བས་བགྲང་བར་མི་འགྱུར་གྱི། ཤཱ་རད་ཏིའི་བུ། གཞན་དུ་ན་དེ་དག་ནི། བརྒྱ་ཞེའམ། སྟོང་ཞེའམ། བརྒྱ་ [78A]༄༅། །སྟོང་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཤཱ་རད་ཏིའི་བུ། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བརྒྱའི་གྲངས་དང། སྟོང་ གི་གྲངས་དང། བརྒྱ་སྟོང་གི་གྲངས་སུ་འགྲོ་བ་དེ་བཞིན་དུ་ཤཱ་རད་ཏིའི་བུ། དེ་བཞིན་གཤེགས་པའི་གྲངས་སུ་བལྟ་བར་བྱའོ་།སངས་རྒྱས་ཀྱི་གྲངས་སུ་བལྟ་བར་བྱའོ། །ཐམས་ ཅད་མཁྱེན་པ་ཉིད་ཀྱི་གྲངས་སུ་བལྟ་བར་བྱའོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་འཇིག་རྟེན་གྱི་ཁམས་འདི་ནས་ཤི་ འཕོས་སམ། འཇིག་རྟེན་གྱི་ཁམས་གཞན་དག་ནས་ཤི་འཕོས་ཀྱང་རུང་སྟེ། སངས་རྒྱས་ཀྱི་ཞིང་དེར་སྐྱེས་སམ། སྐྱེའམ། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ ཀྱང་དེ་ལྟ་བུའི་གྲངས་ཉིད་དུ་འགྲོ་བར་འགྱུར་ཏེ། འདི་ལྟ་སྟེ་དེ་བཞིན་གཤེགས་པའི་གྲངས་དང། སངས་རྒྱས་ཀྱི་གྲངས་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ གྲངས་སུ་གྲངས་དེ་ཉིད་དུ་འགྲོ་བར་འགྱུར་རོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་རྣམས་མ་གཏོགས་པ་དེ་ལས་གཞན་ པའི་བྱང་ཆུབ་སེམས་དཔའ་གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོན་ [78B]འགྱུར་བ་དེ་དག་ཐམས་ཅད་ནི། བདུད་ཀྱིས་བྱིན་གྱིས་བརླབས་པར་རིག་པར་བྱའོ། །ཤཱ་རད་ཏིའི་བུ། གཞན་ ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་ སུ་མྱ་ངན་ལས་འདས་པ་ན། སྐུ་ནི། རང་གི་མེའི་ཁམས་ཀྱིས་བསྲེག་པར་འགྱུར་རོ། །དེའི་སྐུ་གདུང་རྣམས་ནི། གསེར་གྱི་མདོག་འདྲ་བར་འགྱུར་ཏེ། སྐུ་གདུང་དེ་དག་བཅད་ པའི་འཕྲོ་ནས་བཀྲ་ཤིས་དང། གཡུང་དྲུང་འཁྱིལ་བ་དག་སྣང་བར་འགྱུར་ཞིང་རབ་ཏུ་གསལ་བར་འགྱུར་རོ། །ཤཱ་རད་ཏིའི་བུ་འདི་ལྟ་སྟེ། དཔེར་ན། ཤིང་ལྗོན་པ་ཆེན་ པོ་ཏི་མི་ས་ཞེས་བྱ་བའི་རིགས་དེ་བཅད་པའི་འཕྲོ་ནས་བཀྲ་ཤིས་དང། གཡུང་དྲུང་འཁྱིལ་པ་དག་སྣང་ཞིང་འབྱུང་ངོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་ འདས་པའི་སྐུ་གདུང་དེ་དག་བཅད་པའི་འཕྲོ་ནས་ཀྱང་བཀྲ་ཤིས་དང། གཡུང་དྲུང་འཁྱིལ་པ་དག་འབྱུང་བར་འགྱུར་ཞིང། ཆོ་འཕྲུལ་སྣ་ཚོགས་དག་དང། མཐུ་སྣ་ཚོགས་ [79A]༄༅། །དག་ཀྱང་སྟོན་པར་འགྱུར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་དེ་དག་བཅད་པའི་འཕྲོ་དག་ནས་བཀྲ་ཤིས་ དང། གཡུང་དྲུང་འཁྱིལ་པ་དག་འབྱུང་བར་འགྱུར་རོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། རྡོ་མུ་ལ་སོ་ཞེས་བྱ་བ་བཅད་པའི་འཕྲོ་ནས་བཀྲ་ཤིས་དང། གཡུང་ དྲུང་འཁྱིལ་བ་དག་འབྱུང་ངོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པ་དེ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་གཏུབས་པ་དེ་དག་གི་བཅད་འཕྲོ་དག་ལས་ཀྱང་བཀྲ་ཤིས་དང། གཡུང་ དྲུང་འཁྱིལ་བ་དག་འབྱུང་བར་འགྱུར་རོ། །སྐུ་གདུང་དེ་དག་ལ་མཆོད་པ་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དུ་སེམས་ ཅན་རྣམས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དག་བྱེད་པར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་འདི་ལྟར་བརྒྱན་པར་འགྱུར་ཏེ་ [79B] དཔེར་ན། སྐར་མ་རྣམས་ཀྱིས་ནམ་མཁའ་ཡོངས་སུ་ཁྱབ་པ་དེ་བཞིན་དུ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་དག་དང། པདྨ་གསེར་གྱི་མདོག་ཅན་འདབ་མ་བྱེ་བ་ ཕྲག་སྟོང་དང་ལྡན་པ་དེ་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་རྟག་ཏུ་བརྒྱན་པར་འགྱུར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཆི་བའི་གནས་ སྐབས་ལ་ཉེ་བར་གནས་ཤིང་འཆི་འབོ་བ་དེ་དག་དེ་ནས་འཆི་འཕོ་ན། སྔ་ལྟས་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ སངས་རྒྱས་ཀྱི་ཞིང་གང་དུ་སྐྱེ་བར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དེའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་བར་འགྱུར་ ཞིང་མཐོང་ནས་ཀྱང་མི་བརྗེད་པར་འཆི་བའི་དུས་བྱེད་དོ། །འཆི་བའི་དུས་བྱས་པ་དེ་དག་གི་སྐུ་གདུང་རྣམས་ལ་ཡང་ལྷ་དང་མི་རྣམས་སྐུ་གདུང་ལ་མཆོད་པ་བྱ་བའི་ཕྱིར་ བརྩོན་པར་འགྱུར་ཏེ། ལྷ་དང་མིའི་ཕུན་སུམ་ཚོགས་པས་སྐུ་གདུང་རྣམས་ལ་སྐུ་གདུང་གི་མཆོད་པ་བྱེད་པར་འགྱུར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་ [80A]༄༅། །དཔའ་སེམས་དཔའ་ཆེན་པོ་དེ་དག་གི་སྐུ་གདུང་རྣམས་ནི་མཐར་གྱིས་ནམ་མཁའ་ལ་འཐོར་ཞིང་ཕྲ་མོར་གྱུར་ནས་དེ་དག་གི་ཆ་ཤས་ཀྱང་ མེད་ཅིང་མི་སྣང་བར་འགྱུར་རོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ་དཔེར་ན། རྩྭ་གཤེར་བ་དག་ཀྱང་མེའི་ནང་དུ་བཅུག་ན། དུ་བའི་རྒྱུན་དག་འབྱུང་ཞིང་དུ་བ་དེ་དག་ཀྱང་མཐར་གྱིས་ ནམ་མཁའ་ལ་མངོན་པར་འཕགས་ཏེ་ནམ་མཁའ་ལ་འཐོར་ཞིང་ཕྲ་མོར་གྱུར་ནས་དེ་དག་ཆ་ཤས་ཀྱང་མེད་ཅིང་མི་སྣང་བར་འགྱུར་རོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སངས་རྒྱས་ཀྱི་ཞིང་དེ་ནས་ཤི་འཕོས་པ་དེ་དག་གི་སྐུ་གདུང་རྣམས་ཀྱང་མཐར་གྱིས་ནམ་མཁའ་ལ་འཐོར་ཞིང་ ཕྲ་མོར་གྱུར་ནས་དེ་དག་གི་ཆ་ཤས་ཀྱང་མེད་ཅིང་མི་སྣང་བར་འགྱུར་རོ། །ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་འཆི་བའི་ གནས་སྐབས་ལ་ཉེ་བར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེ་ནས་འཆི་འཕོ་བ་ན་ལྟས་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དགའ་ལྡན་གྱི་ལྷའི་རིས་རྣམས་སུ་སྐྱེ་བ་དག་མཐོང་ངོ། །འཇིག་ [80B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དགའ་ལྡན་གྱི་ལྷའི་རིས་རྣམས་ན་གནས་པ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དགའ་ལྡན་གྱི་ལྷའི་རིས་རྣམས་ནས་འཆི་འཕོ་བ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མའི་མངལ་དུ་འཇུག་པར་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དག་མའི་མངལ་ནས་བཙའ་བ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གོམ་པ་བདུན་བདུན་འདོར་བ་ དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་བཞད་གད་དུ་རྒོད་པ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གཞོན་ནུ་རྩེ་བ་རྗེས་སུ་སྟོན་པ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དག་བཙུན་མོའི་འཁོར་ན་འདུག་པ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ [81A]༄༅། །དག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དག་དཀའ་བ་སྤྱོད་པ་ལ་སྦྱོར་བ་སྟོན་པ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོར་འགྲོ་ བ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་ངེས་པར་རྟོག་པ་དག་མཐོང་ངོ། །འཇིག་ རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་གུས་པ་དང་ཞེས་ས་བསྐོར་བ་བྱེད་པ་དག་མཐོང་ངོ། །འཇིག་རྟེན་ གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་བརྩོན་པ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ ཏུ་ནི༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པར་གྱུར་པ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དག་བདུད་སྡིག་ཅན་རབ་ཏུ་འདུལ་བ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། བྱང་ཆུབ་སེམས་དཔའ་སེམས་ [81B]བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དག་མཐོང་ངོ། །འཇིག་ རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། སངས་རྒྱས་བཅོམ་ལྡན་འདས་དག་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། སངས་རྒྱས་བཅོམ་ ལྡན་འདས་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ལུང་བསྟན་པར་མཛད་པ་དག་མཐོང་ངོ། །འཇིག་རྟེན་གྱི་ཁམས་ཁ་ཅིག་ཏུ་ནི། སངས་རྒྱས་བཅོམ་ ལྡན་འདས་དག་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་དག་མཐོང་སྟེ། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་དག་འཆི་བའི་གནས་སྐབས་ལ་ཉེ་བར་གནས་ཤིང་སངས་རྒྱས་ཀྱི་ཞིང་དེ་ནས་འཆི་འཕོ་བ་ན་དེ་ལྟ་བུའི་ལྟས་དེ་དག་འབྱུང་བར་འགྱུར་རོ། །ཤཱ་རད་ ཏིའི་བུ༑ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་ཆེན་པོ་འབུམ་ཕྲག་ བཅུར་གནས་ཏེ། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡོངས་སུ་མྱ་ངན་ལས་ [82A]༄༅། །འདའ་བ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་ནི། བསྐལ་པ་ ཆེན་པོ་འབུམ་ཕྲག་བཅུའི་བར་དུ་གནས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་གནས་པར་འགྱུར་བའི་བསྐལ་པ་ཆེན་པོ་འབུམ་ཕྲག་བཅུ་པོ་ དག་ཇི་ལྟར་བརྩི་བ་ལགས། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ་ བར་ཀྱི་བསྐལ་པ་ཉི་ཤུ་ལ་བསྐལ་པ་གཅིག་གོ་བསྐལ་པ་བཅུ་ལ་བསྐལ་པ་ཆེན་པོ་གཅིག་སྟེ། ཤཱ་རད་ཏིའི་བུ། འདི་ལྟར་བརྩིས་པའི་བསྐལ་པ་ཆེན་པོ་འབུམ་ཕྲག་ བཅུའི་བར་དུ་བདེ་བར་གཤེགས་པས་གསུངས་པའི་དམ་པའི་ཆོས་གནས་པར་འགྱུར་རོ། །ཤཱ་རད་ཏིའི་བུ། དེའི་དམ་པའི་ཆོས་ནུབ་པར་འགྱུར་བ་ན་སྟོང་གསུམ་གྱི་སྟོང་ ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དུ་སྣང་བ་ཆེན་པོ་འབྱུང་བར་འགྱུར། ས་ཆེན་པོ་ཡང་གཡོ་བར་འགྱུར། སྒྲ་སྐད་ཆེན་པོ་ཡང་གྲག་པར་འགྱུར་རོ། །ཤཱ་རད་ [82B] བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དམ་པའི་ཆོས་ནི། བདུད་དང་བདུད་ཀྱི་རིས་ཀྱི་ལྷ་ རྣམས་ཀྱིས་ནུབ་པར་བྱེད་པར་མི་འགྱུར། དེའི་དམ་པའི་ཆོས་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱིས་ཀྱང་ནུབ་པར་བྱེད་པར་མི་འགྱུར་གྱི། ཤཱ་རད་ཏིའི་བུ། གཞན་དུ་ན་ དེའི་མི་རྣམས་དམ་པའི་ཆོས་ཉན་པའི་འདུན་པ་ཆུང་བར་འགྱུར་ཏེ་དེ་དག་འདུན་པ་ཆུང་བས་ན། ཆོས་སྨྲ་བའི་དགེ་སློང་རྣམས་ཀྱི་དྲུང་དུ་འགྲོ་བར་མི་འགྱུར་རོ། །དེ་དག་དེར་མི་ འགྲོ་བས་ན། དམ་པའི་ཆོས་ཐོས་པར་མི་འགྱུར་རོ། །དམ་པའི་ཆོས་མ་ཐོས་པས་ན། སྒྲུབ་པར་མི་འགྱུར་རོ། །མི་སྒྲུབ་པས་ན། གོང་མའི་ཁྱད་པར་འཐོབ་པར་མི་འགྱུར་ཞིང་ ཆོས་སྨྲ་བའི་དགེ་སློང་རྣམས་ཀྱིས་ཀྱང་མི་དེ་དག་འདུན་བ་ཆུད་བར་རིག་ནས་ཆོས་སྟོན་པར་མི་འགྱུར་ཏེ། ཤཱ་རད་ཏིའི་བུ། དེ་ལྟ་བུའི་རིམ་གྱིས་དེའི་དམ་པའི་ཆོས་ནུབ་པར་འགྱུར་ རོ༑ ༑དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པ་ལས། ལེའུ་ལྔ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་ འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་ཇི་ལྟ་བུ་དང། རྒྱུ་དང་རྐྱེན་གང་གིས་སངས་རྒྱས་ཀྱི་ཞིང་ [83A]༄༅། །དེར་སྐྱེ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་ རད་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྤྱོད་པར་གྱུར་བ་གང་ཡིན་པའི་སྤྱོད་པ་དེ་དག་ལ་སྤྱད་པར་བྱ་ཞིང་སྤྱོད་པ་དེ་དག་བསྒྲུབ་པར་བྱའོ། །ཞེས་ དེ་ལྟར་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་ན། སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེར་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དྲུང་དུ་སྐྱེ་བར་འགྱུར་ཏེ། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སངས་རྒྱས་ཀྱི་ཞིང་དེར་སྐྱེ་བའི་རྒྱུ་ནི། དེ་ཡིན། རྐྱེན་ནི་འདི་ཡིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་ བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་ [83B]པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤཱ་རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤཱ་རད་ཏིའི་བུ། དེ་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན། ཤཱ་རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤཱ་ [84A]༄༅། །རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ ནོ༑ ༑ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤཱ་རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ ནོ༑ ༑དེ་ཡང་རྐྱེན་ཡིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ལྡན་པས་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤཱ་རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ [84B] །དེ་ཡང་རྐྱེན་ཡིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་དགེ་བའི་རྩ་བ་འདི་དང་ ལྡན་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་དང་ལྷན་ཅིག་འགྲོགས་པར་གྱུར་ཅིག་ཅེས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཤཱ་རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མི་འཁྲུགས་པ་དེས་ཆོས་གང་བཤད་པ་དེ་རྣམ་པ་ལས་རྗེས་སུ་དྲན་པར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་བརྗོད་དུ་མེད་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་གང་ཡིན་པ་དེ་དག་ཀྱང་རྣམ་པ་ལས་ རྗེས་སུ་དྲན་པར་བྱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་བྱང་ཆུབ་སེམས་དཔའ་བགྲང་བ་ལས་ [85A]༄༅། །ཤིན་ཏུ་འདས་པ་དེ་དག་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱ་སྟེ། ཇི་ལྟར་བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་ནས་ཆོས་སྟོན་པར་འགྱུར་པ་དང། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ ཞིང་དེར་ཉན་ཐོས་ཀྱི་དགེ་འདུན་དང། བྱང་ཆུབ་སེམས་དཔའི་ཚོགས་ཚད་མེད་གྲངས་མེད་བརྗོད་དུ་མེད་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འགྱུར་བ་དེ་དག་རྣམ་པ་ ལས་རྗེས་སུ་དྲན་པར་བྱའོ། །ཤཱ་རད་ཏིའི་བུ། གསུམ་གྱི་རྣམ་པ་དང་ལྡན་པའི་རིགས་ཀྱི་བུས་འདི་ལྟར་ཡང་དག་པར་བསླབ་པར་བྱ་སྟེ། བདག་གིས་གསུམ་གྱི་རྣམ་པ་ དང་ལྡན་པའི་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཐུན་མོང་དུ་བྱ་ཞིང་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཐུན་མོང་དུ་བྱས་ནས་ཀྱང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་།ཞེས་གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཡོངས་སུ་བསྔོ་བར་བྱའོ།། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གསུམ་གྱི་རྣམ་པ་ཡོངས་སུ་བསྔོས་བ་ལ་བར་མ་དོར་ཡོངས་སུ་ཉམས་པ་མེད་པས་ན། ཤཱ་རད་ཏིའི་བུ་ [85B]བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་ རྒྱ་ཞིང་སངས་རྒྱས་ཀྱི་ཞིང་དེར་ཡང་སྐྱེ་བར་འགྱུར་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་དགེ་བའི་རྩ་བས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་དྲུང་དུ་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཤཱ་རད་ཏིའི་བུ་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ ཞིང་དེར་སྐྱེ་བར་འདོད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ཡང་རྒྱས་མི་འཁྲུགས་པ་དེའི་འོད་ཀྱིས་ཐམས་ཅད་དང་ལྡན་ པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པར་མཐོང་ཞིང་དེ་དག་མཐོང་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་ཡང་རང་གི་འོད་ཀྱིས་སྣང་བར་བྱའོ། །ཞེས་རྣམ་པ་ལས་རྗེས་སུ་དྲན་པར་བྱ་བ་དེ་ལྟ་བུའི་སེམས་བསྐྱེད་པར་བྱ་སྟེ། ཤཱ་ [86A]༄༅། །རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤཱ་ རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་པས་འདི་ལྟར་བདག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་བརྗོད་དུ་མེད་ཅིང་བརྗོད་ དུ་མེད་པའི་ཡང་བརྗོད་དུ་མེད་པ་དེ་དག་མཐོང་ཞིང་མཐོང་ནས་ཀྱང་ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་ རྒྱས་ཀྱི་ཞིང་དེར་ཡང་ཉན་ཐོས་ཀྱི་དགེ་འདུན་ཚད་མེད་གྲངས་མེད་བརྗོད་དུ་མེད་ཅིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་འབྱུང་བར་འགྱུར་པ་དེ་ལྟར་བརྩོན་པར་བྱའོ། །ཞེས་ དེ་ལྟར་སེམས་བསྐྱེད་པར་བྱ་སྟེ། ཤཱ་རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ ཡིན་ནོ༑ ༑ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་པས་འདི་ལྟར་བདག་བྱང་ཆུབ་སེམས་དཔའི་སྤྱད་ [86B] བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དེར་རྣམ་པ་ཐམས་ ཅད་ཀྱི་མཆོག་དང་ལྡན་པ་དེ་མཐོང་ཞིང་མཐོང་ནས་ཀྱང་ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ ཞིང་ཡང་དེ་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་གྱུར་པ་དེ་འདྲ་བར་བྱ་ཞིང། དེ་ལྟར་བརྩོན་པར་བྱའོ། །ཞེས་དེ་ལྟར་སེམས་བསྐྱེད་པར་བྱ་སྟེ། ཤཱ་རད་ཏིའི་བུ་ དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤཱ་རད་ཏིའི་བུ། གཞན་ཡང་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་ན་གང་དག་དེ་ བཞིན་གཤེགས་པའི་གྲངས་སུ་འགྲོ་བ་དང། སངས་རྒྱས་ཀྱི་གྲངས་སུ་འགྲོ་བ་དང། ཐམས་ཅད་མཁྱེན་པ་ཉིད་ཀྱི་གྲངས་སུ་འགྲོ་བའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྤོས་ཀྱི་གླང་པོ་ཆེ་དང། བལ་གླང་སློས་ཀྱི་གླང་པོ་ཆེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་དེ་ལྟ་བུ་དེ་དག་གི་ [87A]༄༅། །མིང་ཐོས་ན་ཡང་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་ཤིང་སྐྱེ་བར་འགྱུར་ན། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་ལྡན་པའི་དགེ་བའི་རྩ་བ་ རྣམས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ག་ལ་བ་དེར་ཡོངས་སུ་བསྔོས་པས་སངས་རྒྱས་ ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་ལ་སླུ་བར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཤཱ་རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་ དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །ཤཱ་རད་ཏིའི་བུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བའི་ཚད་ནི། གཟུང་བར་ མི་ནུས་ཏེ། ཤཱ་རད་ཏིའི་བུ། གལ་ཏེ་སེམས་ཅན་ཐམས་ཅད་ཀྱིས་ནམ་མཁའི་ཚད་ཙམ་གྱི་སྣོད་དག་ཡོངས་སུ་བཀང་སྟེ་ཁྱེར་བར་གྱུར་ཀྱང་སྣོད་ཆེན་པོས་བཅུས་པ་དེས་ དགེ་བའི་རྩ་བ་དེ་ཟད་པར་བྱེད་མི་ནུས་སོ། །ཤཱ་རད་ཏིའི་བུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དགེ་བའི་རྩ་བ་གང་ཡིན་པ་དེ་སྣོད་དག་གིས་གཞལ་བར་མི་ ནུས་ཏེ༑ ཤཱ་རད་ཏིའི་བུ། དེའི་སྣོད་ནི། ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །ཤཱ་རད་ཏིའི་བུ། གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་ལས་དཀོན་མཆོག་གསུམ་གྱི་ [87B] །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་གསུམ་གྱི་རྣམ་པ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་འདི་དང་ལྡན་པ་དེ་ དག་ཐམས་ཅད་ནི། ལོག་པར་ལྟུང་བ་མེད་པའི་ཆོས་ཅན་དུ་བལྟའོ་།ཤཱ་རད་ཏིའི་བུ། གསུམ་གྱི་རྣམ་པ་ཡོངས་སུ་བསྔོས་པའི་དགེ་བའི་རྩ་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི། བདུད་སྡིག་ཅན་དང། བདུད་ཀྱི་རིས་ཀྱི་ལྷ་རྣམས་འདུལ་བར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འདོད་པའི་སངས་རྒྱས་ཀྱི་ཞིང་དེ་དང་དེར་ཡང་སྐྱེ་བར་འགྱུར་རོ། ། ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འདོད་པས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་ དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བཤད་པ་དེ་ཡང་རྣམ་པ་ ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་དང། བྱང་ཆུབ་སེམས་དཔའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་ རྗེས་སུ་དྲན་པར་བྱའོ། །གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུག་ [88A]༄༅། །པ་དེ་ག་ལ་བ་དེར་ཡོངས་སུ་བསྔོ་བར་བྱ་སྟེ། ཤཱ་རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་ བར་འགྱུར་བའི་རྒྱུ་ཡིན་ནོ། །དེ་ཡང་རྐྱེན་ཡིན་ནོ། །དེ་བཞིན་དུ་ལྷོ་ཕྱོགས་དང། ནུབ་ཕྱོགས་དང། བྱང་ཕྱོགས་དང། དེ་བཞིན་དུ་འོག་དང། སྟེང་གི་ཕྱོགས་དང། དེ་བཞིན་ དུ་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་ རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བཤད་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱ། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་ཀྱི་ དགེ་འདུན་དང། བྱང་ཆུབ་སེམས་དཔའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྣམ་པ་ལས་རྗེས་སུ་དྲན་པར་བྱའོ། །ཤཱ་རད་ཏིའི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ས་གསུམ་གྱི་རྣམ་པ་དང་ལྡན་པའི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་བྱ་ཞིང་རྗེས་སུ་ཡི་རང་ནས་ཀྱང་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ག་ལ་བ་དེར་ཡོངས་སུ་བསྔོ་བར་བྱ་སྟེ། དེར་ཡོངས་སུ་བསྔོས་ན་སངས་རྒྱས་ [88B] །ཤཱ་རད་ཏིའི་བུ། གཞན་ཡང་སངས་རྒྱས་ཀྱི་ཞིང་མང་པོ་དང་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་མང་པོ་དག་དང། སངས་རྒྱས་ཀྱི་ཞིང་སྟོང་ ཕྲག་མང་པོ་དག་དང། སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་མང་པོ་དག་དང། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ན་ཡང་གང་ད་ལྟར་གྱི་སངས་རྒྱས་ཀྱི་ ཞིང་གི་ཡོན་ཏན་བཀོད་པ་མཛེས་པ་འདི་ལྟ་བུ་དག་མེད་དེ། ཤཱ་རད་ཏིའི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བདག་གི་དགེ་བའི་ རྩ་བ་འདིས་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ད་ལྟར་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ བཀོད་པ་མཛེས་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་བུ་དག་མཐོང་ཞིང། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་བུ་དག་མཐོང་ནས་ཀྱང་སངས་ རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་བུ་དག་ཡོངས་སུ་གཟུང་བར་བྱའོ། །ཡོངས་སུ་བཟུང་ནས་ཁ་ལོ་སྒྱུར་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་སོགས་པའི་ལུང་གིས་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ་དང། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ་དག་དང། བྱང་ [89A]༄༅། །ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དག་དང། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བསྟན་པར་བྱ། ཡང་དག་པར་འཛིན་དུ་གཞུག་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་རབ་ཏུ་དགའ་ བར་བྱའོ། །ཞེས་སེམས་བསྐྱེད་པར་བྱ་སྟེ། ཤཱ་རད་ཏིའི་བུ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྒྱུ་ཡིན་ ནོ༑ ༑དེ་ཡང་རྐྱེན་ཡིན་ནོ། །ཤཱ་རད་ཏིའི་བུ། དེ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་རབ་ཏུ་འཛིན་པར་འདོད་པས་དེ་ལྟར་ལྷག་པའི་བསམ་པས་སེམས་བསྐྱེད་པར་ བྱའོ༑ ༑གལ་ཏེ་དེ་ལྟར་མ་བྱས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་བསླུས་པར་ འགྱུར་རོ། །ཤཱ་རད་ཏིའི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་ལྟར་ལྷག་པའི་བསམ་པས་སེམས་བསྐྱེད་པར་འགྱུར་བ་དེ་དག་ནི། བཅོམ་ [89B]རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་ཏེ། ཤཱ་རད་ཏིའི་བུ། རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དེ་ལྟར་ལྷག་པའི་བསམ་པས་སེམས་བསྐྱེད་པར་འགྱུར་བ་དེ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་ངས་ལུང་བསྟན་ཏོ། ༑བམ་པོ་ལྔ་པ་སྟེ། ཐ་མ། ཤཱ་རད་ཏིའི་བུ། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ན་འདི་སྐད་དུ། ཀྱེ་མ་སེམས་ ཅན་གང་དག་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འདོད་པ་དེ་དག་འཆི་བའི་དུས་ཀྱི་ཚེ་ བདག་ཀྱང་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཞིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར་ནས་དེ་དག་གི་དྲུང་དུ་གནས་པར་འགྱུར་ལ། དེ་དག་གིས་ ཀྱང་བདག་མཐོང་ནས་སེམས་རབ་ཏུ་དགའ་བར་འགྱུར་ཞིང་དྲན་པ་ཉམས་པ་མེད་པ་དང། སེམས་གཡེང་བ་མེད་པར་འཆི་བའི་དུས་བྱས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་ [90A]༄༅། །སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་ཆེན་པོ་བཏབ་པས་ན། ཤཱ་རད་ཏིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་བཅོམ་ལྡན་འདས་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་མཚན་ཐོས་པ་དང། ཐོས་ནས་ཀྱང་ཡིད་ལ་བྱེད་པར་འགྱུར་བ་དང། དེ་བཞིན་ གཤེགས་པ་མི་འཁྲུགས་པའི་སྐུ་གླང་པོ་ཆེའི་ཁྲི་ལ་པདྨའི་གདན་ལ་བཞུགས་པའི་བཀོད་པ་སྟོང་བྱེད་དུ་བཅུག་ན། གང་གི་ཚེ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་འཆི་ བའི་དུས་བྱེད་པར་གྱུར་པའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་ གྱིས་ཡོངས་སུ་བསྐོར་ཞིང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མདུན་དུ་བདར་ཏེ་གཤེགས་པར་འགྱུར་ཞིང། དེས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་མདུན་དུ་བཞུགས་པ་མཐོང་བར་འགྱུར་རོ། །མཐོང་ནས་ཀྱང་སེམས་དགའ་བར་འགྱུར་ཞིང། མི་ བརྗེད་པ་དང། སེམས་མི་གཡེང་པར་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཆི་བའི་དུས་བྱས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ [90B]ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །གང་གི་ཚེ་རིགས་ཀྱི་བུའམ་རིགས་ཀྱི་ བུ་མོ་དེ་སྦྱིན་པའི་ཆོས་བྱེད་པ་དེ་ན་འཆི་བའི་དུས་ཀྱི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་མཐོང་ ཞིང་མཐོང་ནས་ཀྱང་སྡིག་པ་ཐམས་ཅད་རྣམ་པར་བསལ་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་རོ། །ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་ པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་གང་དག་སྐྱེ་བར་འདོད་པ་དེ་དག་འཆི་བའི་དུས་ཀྱི་ཚེ་བདག་ཉན་ཐོས་ཀྱི་དགེ་འདུན་གྱིས་ཡོངས་སུ་ བསྐོར་བ་དང་བཅས། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་གྱིས་བལྟས་པ་དང་བཅས་པ་དེ་དག་གི་མདུན་ན་འདུག་པར་གྱུར་ལ། དེ་དག་གིས་བདག་མཐོང་ནས་ སེམས་དད་པར་གྱུར་ཏེ་མི་བརྗེད་ཅིང་སེམས་མི་གཡེང་བས་འཆི་བའི་དུས་བྱས་ནས་བདག་གི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་བཏབ་པར་གྱུར་ཏོ།། [91A]༄༅། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། གྲོང་ཁྱེར་ཀུན་དགའ་ར་བ་དང། སྐྱེད་མོས་ཚལ་མེད་ཅིང་འབབ་ཆུ་དང། མཚོ་ཕྲན་དང། ཀླུང་དང་ རྫིང་བུའི་ལོངས་སྤྱོད་དང། རྟ་དང། གླང་པོ་ཆེ་དག་ཀྱང་མེད་ལ། བྱེ་མ་དང། གསེག་མ་དང། རྡོ་བ་དང། གྱོ་མོ་དག་ཡོད་ཅིང་ཚེར་མ་སྟུག་པོས་གང་སྟེ་བགྲོད་པར་དཀའ་བ་ ཞིག་ཡོད་ལ། ཤཱ་རད་ཏིའི་བུ། གྲོང་ཁྱེར་དེ་ན་རྒྱལ་པོ་མཐུ་ཆེ་ཞིང་དཔུང་དང་ལྡན་པ་ཞིག་གནས་པར་གྱུར་ཀྱང་ཤཱ་རད་ཏིའི་བུ། གྲོང་ཁྱེར་གྱི་ཡོན་ཏན་དེ་དང་བྲལ་བས་ མི་མཛེས་ཏེ། ཤཱ་རད་ཏིའི་བུ། འདི་ལྟར་རྒྱལ་པོ་དེ་མཐུ་ཆེ་ཞིང་དཔུང་དང་ལྡན་ཡང་རུང་སྟེ། གྲོང་ཁྱེར་དེ་གྲོང་ཁྱེར་གྱི་ཡོན་ཏན་དག་དང་བྲལ་བས་ན། མི་མཛེས་སོ། ། ཤཱ་རད་ཏིའི་བུ། དེ་ལ་ཇི་ལྟར་རྒྱལ་པོ་མཐུ་ཆེ་ཞིང་དཔུང་དང་ལྡན་པར་གྱུར་པ་དེ་ལྟར་ནི། ཤཱ་རད་ཏིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་དེ་ བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོ་དཔུང་དང་ལྡན་པ་ཡིན་ནོ་།ཤཱ་རད་ཏིའི་བུ། འོན་ཀྱང་ངའི་སངས་རྒྱས་ཀྱི་ཞིང་འདི་ན་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་ བཀོད་པ་གང་ཡིན་པ་དེ་ལྟ་བུ་དག་མེད་པས་མི་མཛེས་སོ། །ཤཱ་རད་ཏིའི་བུ། གལ་ཏེ་ངའི་སངས་རྒྱས་ཀྱི་ཞིང་འདིར་ཡང་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དེ་ལྟ་བུ་ [91B] ཇི་ལྟར་ད་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ ཞིང་མཛེས་པ་བཞིན་དུ་ངའི་སངས་རྒྱས་ཀྱི་ཞིང་འདི་ཡང་མཛེས་པར་འགྱུར་རོ། །ཤཱ་རད་ཏིའི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་ ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྤྱོད་པར་འདོད་པ་དང་ཡོངས་སུ་འཛིན་པར་འདོད་པས་ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱང་པ་སྤྱོད་པ་ན། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཡོངས་སུ་སྦྱངས་ཤིང་ཡོངས་སུ་བཟུང་ བ་དེ་ལྟར་ཡོངས་སུ་སྦྱང་ཞིང་དེ་ལྟར་ཡོངས་སུ་གཟུང་བར་བྱའོ། །ཤཱ་རད་ཏིའི་བུ། གཞན་ཡང་ངས་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་སངས་རྒྱས་ནས་སེམས་ཅན་གང་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང། ཕྱིར་མི་འོང་བའི་ འབྲས་བུ་ལ་བཀོད་པ་དང། དགྲ་བཅོམ་པ་ཉིད་ལ་བཀོད་པ་དང། རང་བྱང་ཆུབ་ལ་བཀོད་པ་དང། ཤཱ་རད་ཏིའི་བུ། ངའི་ཉན་ཐོས་གང་ཡིན་པ་དེ་དག་གིས་ཀྱང་སེམས་ [92A]༄༅། །ཅན་གཞན་གང་དག་བཏུལ་བའི་ཉན་ཐོས་དེ་དག་ཐམས་ཅད་མངོན་པར་བསྡུས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་གན་ན་ཉན་ཐོས་ཀྱི་དགེ་འདུན་དེ་དག་ནི་བརྒྱའི་ཆར་ཡང་ཉེ་བར་མི་ འགྲོའོ༑ ༑སྟོང་གི་ཆ་དང། བརྒྱ་སྟོང་གི་ཆ་དང། བྱེ་བ་བརྒྱའི་ཆ་དང། བྱེ་བ་སྟོང་གི་ཆ་དང། བྱེ་བ་བརྒྱ་སྟོང་གི་ཆ་དང། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང། གྲངས་ དང། ཆ་དང། བགྲང་བ་དང། དཔེ་དང། རྒྱུར་ཡང་མི་བཟོད་དོ་།དེ་ཅིའི་ཕྱིར་ཞེ་ན། ཚད་མེད་པ་དང། གྲངས་མེད་པའི་ཕྱིར་ཏེ། རྣམ་པར་གྲོལ་བས་ནི། མ་ཡིན་ ནོ༑ ༑ཤཱ་རད་ཏིའི་བུ། ངའི་ཉན་ཐོས་རྣམས་ལྟ་ཞོག་གི་ཤཱ་རད་ཏིའི་བུ། གང་ཡང་མ་འོངས་པའི་དུས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་ཉན་ཐོས་གང་དག་འབྱུང་བར་འགྱུར་བ་དེ་དག་དང། གང་ཡང་ཉན་ཐོས་དེ་དག་གིས་སེམས་ཅན་གཞན་དག་ འདུལ་བར་འགྱུར་བའི་ཉན་ཐོས་དེ་དག་ཐམས་ཅད་མངོན་པར་བསྡུས་ཀྱང་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ [92B]བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང། བརྒྱ་སྟོང་གི་ཆ་དང། བྱེ་བ་བརྒྱའི་ཆ་དང། བྱེ་བ་སྟོང་གི་ ཆ་དང། བྱེ་བ་བརྒྱ་སྟོང་གི་ཆ་དང། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང། གྲངས་དང། ཆ་དང། བགྲང་བ་དང་དཔེ་དང། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ ཏིའི་བུ༑ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་བཤད་པ་ལན་རེ་རེས་སེམས་ཅན་གང་ དག་བཏུལ་བར་གྱུར་བ་དེ་དག་གི་ཚད་ཀྱང་སུས་ཀྱང་གཟུང་བར་མི་ནུས་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། ངའི་ཉན་ཐོས་རྣམས་ཀྱང་ལྟ་ཞོག་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པའི་ཉན་ཐོས་རྣམས་ལྟ་ཡང་ཞོག་ཤཱ་རད་ཏིའི་བུ། གང་ཡང་མ་འོངས་པའི་དུས་ཀྱི་བསྐལ་པ་ བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱི་ཉན་ཐོས་གང་དག་འབྱུང་བར་འགྱུར་བ་དང། གང་ཡང་ཉན་ཐོས་དེ་དག་གིས་ཉན་ཐོས་གཞན་དག་འདུལ་བར་ འགྱུར་བ་གང་ཡིན་པའི་ཉན་ཐོས་དེ་དག་ཐམས་ཅད་མངོན་པར་བསྡུས་ཀྱང་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ [93A]༄༅། །པའི་སངས་རྒྱས་མི་འཁྲུགས་པའི་ཉན་ཐོས་རྣམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང། བརྒྱ་སྟོང་གི་ཆ་དང། བྱེ་བ་བརྒྱའི་ཆ་དང། བྱེ་ སྟོང་གི་ཆ་དང། བྱེ་བ་བརྒྱ་སྟོང་གི་ཆ་དང། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆ་དང། གྲངས་དང། ཆ་དང། བགྲང་བ་དང། དཔེ་དང། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན་ ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་ཆོས་བཤད་པ་ལན་རེ་རེས་སེམས་ ཅན་གང་དག་བཏུལ་བར་གྱུར་པ་དེ་དག་གི་ཚད་ཀྱང་གཟུང་བར་མི་ནུས་པའི་ཕྱིར་ཏེ། རྣམ་པར་གྲོལ་བས་ནི། མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་ འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་ བ་ལྟར་ན། བཙུན་པ་བཅོམ་ལྡན་འདས། སངས་རྒྱས་ཀྱི་ཞིང་དེ་ནི་སོ་སོའི་སྐྱེ་བོའི་ཞིང་མ་ལགས་ཀྱི། དགྲ་བཅོམ་པའི་ཞིང་ལགས་པར་ལྟ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ ན༑ བཙུན་པ་བཅོམ་ལྡན་འདས། དེ་ན་ཟག་པ་ཟད་པའི་དགྲ་བཅོམ་པ་དག་མང་བའི་སླད་དུའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་ [93B] །ཤཱ་རད་ཏིའི་བུ། དེ་དེ་བཞིན་ནོ། །ཤཱ་རད་ཏིའི་བུ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། དེ་ན་ཟག་པ་ཟད་པའི་དགྲ་བཅོམ་པ་དག་མང་ ངོ། །ཤཱ་རད་ཏིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྐར་མའི་གཟུགས་རྣམས་ཀྱི་ཚད་ནི། གཟུང་བར་ནུས་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ན་སེམས་ཅན་གང་དག་དེ་བཞིན་གཤེགས་པ་དེའི་ཆོས་བཤད་པ་ལན་རེ་རེས་དགྲ་ བཅོམ་པ་ཐོབ་པར་འགྱུར་བ་དེ་དག་གི་ཚད་ནི། གཟུང་བར་མི་ནུས་ཏེ་ཤཱ་རད་ཏིའི་བུ། དེ་ལྟར་ན། འདུས་པ་ཆེན་པོ་ལན་རེ་རེ་ལ་ཡང་སེམས་ཅན་ཚད་མེད་གྲངས་མེད་ པ་དག་གིས་དགྲ་བཅོམ་པ་ཐོབ་པར་འགྱུར་བར་རིག་པར་བྱའོ། །ཤཱ་རད་ཏིའི་བུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སྐར་མའི་གཟུགས་རྣམས་ཀྱི་ ཚད་ནི༑ གཟུང་བར་ནུས་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་ན་ འདུས་པ་ཆེན་པོ་འདུས་པ་དེ་དག་གི་འདུས་པ་ཆེན་པོའི་ཚད་ནི་གཟུང་བར་མི་ནུས་སོ། །ཤཱ་རད་ཏིའི་བུ། གཞན་ཡང་ལྷ་དང་མི་དེ་རྣམས་དགེ་བའི་རྩ་བ་བསྐྱེད་པ་ན་བྲེལ་བ་མེད་ [94A]༄༅། །པར་འགྱུར་ཞིང། ཤཱ་རད་ཏིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེར་སྐྱེས་པ་ དེ་དག་ཀྱང་ཉིན་མཚན་དུ་བྲེལ་བ་མེད་པར་འགྱུར་རོ། །ཤཱ་རད་ཏིའི་བུ། གང་དག་ཡོན་ཏན་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང། ཐོས་ནས་ཀྱང་མོས་པ་ དང། འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ཐམས་ཅད་ཀྱིས་ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་མཐོང་ བ་དང་ཐོས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་འགྱུར་ཞིང། ཐོས་ནས་ཀྱང་ཐོས་མ་ཐག་ཏུ་དད་ པ་ཆེན་པོ་ཐོབ་པར་འགྱུར་བའི་ཕྱིར་རོ། །ཤཱ་རད་ཏིའི་བུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ [94B] །གསུང་ངོ། །གསུང་བར་འགྱུར་རོ། །ཤཱ་རད་ཏིའི་བུ། དེ་ལ་སངས་རྒྱས་ཀྱི་ཞིང་དེ་དག་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འཁོད་པ་དེ་དག་ཀྱང་ཡོན་ ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འགྱུར་རོ། །འཆང་བར་འགྱུར། ཀློག་པར་འགྱུར། ཀུན་ཆུབ་པར་བྱེད་པར་འགྱུར་ཞིང། གཞན་དག་ལ་ཡང་རྒྱ་ ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་ཏེ། ཤཱ་རད་ཏིའི་བུ་འཇིག་རྟེན་གྱི་ཁམས་དེ་དག་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ སངས་རྒྱས་ཀྱི་ཞིང་དེ་དག་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་རྣམས་མ་གཏོགས་པ་གང་དག་དེ་ལས་ གཞན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའམ། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི། ཕལ་ཆེར་སྨོན་ལམ་གྱི་དབང་གིས་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སམ། སྐྱེ་བའམ། སྐྱེ་བར་འགྱུར་བ་ཡིན་ ནོ༑ ༑ཤཱ་རད་ཏིའི་བུ། དེ་ལྟར་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ནི། འཇིག་རྟེན་གྱི་ཁམས་ [95A]༄༅། །མངོན་པར་དགའ་བ་ན་བཞུགས་ཤིང་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ དང། ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་རྣམས་ལ་ཕན་འདོགས་པར་གྱུར་པ་ཡིན་ནོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་ རིན་པོ་ཆེ་སྣ་བདུན་པོ་དག་བྱུང་བར་གྱུར་པ་ན། དེ་རིན་པོ་ཆེ་སྣ་བདུན་པོ་དེ་དག་གིས་གླིང་ཆེན་པོ་བཞི་ཀུན་ཏུ་གནོན་པར་བྱེད་དོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདིས་ ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ཀུན་ཏུ་གནོན་ཅིང་རང་གི་སངས་རྒྱས་ཀྱི་ ཞིང་ཡང་ཀུན་ཏུ་གནོན་པར་མཛད་དོ། །ཤཱ་རད་ཏིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དགྲ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པ་དང། འཆང་བ་དང། ཀློག་ [95B] ཀུན་ཆུབ་པར་བྱེད་པ་དང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་ཡང་འདེབས་པ་དེ་དག་འཆི་ བའི་མཐར་ཐུག་གི་བར་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་རྟག་ཏུ་དགོངས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། དེ་དག་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་བ་དང། བདུད་ཀྱིས་བྱིན་གྱིས་བརླབས་པའི་སེམས་ཅན་རྣམས་ཀྱིས་དེ་དག་གི་ སྨོན་ལམ་བཟློག་པར་མི་འགྱུར་བའི་ཕྱིར་ཏེ། ཤཱ་རད་ཏིའི་བུ། དེ་བཞིན་གཤེགས་པས་དགོངས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་དང། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བ་ལས་ཕྱིར་ལྡོག་པའི་འཇིགས་པ་མེད་པར་ཤེས་པར་བྱའོ། །གཞན་ཡང་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་ དེ་དག་གི་ལུས་ལ་གང་དག་དེ་ལས་གཞན་པ་སྲོག་གི་བར་ཆད་བྱེད་པ་ལ་བརྩོན་པ་དང། གང་དག་སྲོག་གི་བར་ཆད་དུ་འགྱུར་བ་འདི་ལྟ་སྟེ། མེ་དང། ཆུ་དང། དུག་དང་ མཚོན་ལ་སོགས་པ་དག་གིས་ཀྱང་ཕོག་པར་མི་འགྱུར་རོ། །དེ་དག་གི་ལུས་ལ་གང་དག་དེ་ལས་གཞན་པ་ལག་པའི་རེག་པ་དང། བོང་བ་དང། དབྱིག་པ་ལ་སོགས་པ་དག་ [96A]༄༅། །གིས་ཀྱང་ཕོག་པར་མི་འགྱུར་རོ། །དེ་དག་ལ་མི་དང་མི་མ་ཡིན་པའི་འཇིགས་པ་ཡང་མེད་པར་ཤེས་པར་བྱ་སྟེ། དེ་ལྟར་ན། དེ་དག་ནི། ཀུན་ནས་ བསྲུངས་པ་དང། བསྐྱབས་པ་དང། སྤས་པ་ཡིན་པར་ཤེས་པར་བྱའོ་།གང་གི་ཚེ་དེ་དག་འཆི་བའི་དུས་བྱེད་པར་འགྱུར་པ་དེའི་ཚེ་ན་ཡང་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་དེར་སྐྱེ་ བར་འགྱུར་རོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། ཉི་མའི་དཀྱིལ་འཁོར་ནི། ཐག་རིང་པོ་ན་འདུག་ཀྱང་འཛམ་བུའི་གླིང་གི་མི་རྣམས་ལ་སྣང་བར་བྱེད་དོ། །ཤཱ་ རད་ཏིའི་བུ། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཐག་རིང་པོ་ན་བཞུགས་ ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དག་ལ་ཡེ་ཤེས་ཀྱི་སྣང་བ་མཛད་དོ། །ཤཱ་ རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། དགེ་སློང་ལྷའི་མིག་དང་ལྡན་པ་ནི། ཐག་རིང་པོ་ན་གནས་ཀྱང་གཟུགས་ཀྱི་ཁ་དོག་བཟང་པོ་དང། ཁ་དོག་ངན་པ་དག་ཀྱང་མཐོང་ངོ། ། [96B] དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཐག་རིང་པོ་ན་བཞུགས་ཀྱང་ འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཁ་དོག་དང། དབྱིབས་དང། གཟུགས་དག་གཟིགས་སོ། །ཤཱ་རད་ཏིའི་བུ་ འདི་ལྟ་སྟེ། དཔེར་ན། དགེ་སློང་རྫུ་འཕྲུལ་དང་ལྡན་པའི་སེམས་ཀྱི་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི། ཐག་རིང་པོ་ན་གནས་ཀྱང་མི་དང། མི་མ་ཡིན་པ་རྣམས་ཀྱི་སེམས་ཡང་ དག་པར་ཤེས་སོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཐག་རིང་ པོ་ན་བཞུགས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་ཡང་དག་པར་མཁྱེན་ཏོ། །ཤཱ་རད་ཏིའི་བུ། འདི་ ལྟ་སྟེ༑ དཔེར་ན། དགེ་སློང་རྫུ་འཕྲུལ་དང་ལྡན་པ་ནི། ཐག་རིང་པོ་ན་གནས་ཀྱང་རྣ་བས་སྒྲ་དག་ཐོས་སོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཡང་ཐག་རིང་པོ་ན་བཞུགས་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ན་གནས་པའི་བྱང་ཆུབ་སེམས་དཔའ་ [97A]༄༅། །སེམས་དཔའ་ཆེན་པོ་རྣམས་བདག་ཅག་ཀྱང་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་དེར་སྐྱེ་བར་བྱའོ་།ཞེས་སྨྲ་བ་དག་ གསན་ཞིང། ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་རིགས་ཀྱི་བུ་དང་ རིགས་ཀྱི་བུ་མོ་དེ་དག་གི་རུས་ཅི་ཡིན་པ་ཡང་མཁྱེན་ཏོ། །ཤཱ་རད་ཏིའི་བུ། གང་དག་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང། འཆང་བ་ དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་གཟིགས་སོ། །དེ་དག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་མཁྱེན་ཏོ། །དེ་དག་ནི། ནམ་འཆི་བའི་དུས་ཀྱི་ཚེའི་བར་དུ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེས་དགོངས་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་ [97B] །བཙུན་པ་བཅོམ་ལྡན་འདས། ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཤིན་ཏུ་ཡོངས་སུ་བཟུང་བ་ནི། བཅོམ་ལྡན་འདས། ཤིན་ཏུ་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ། ཤིན་ཏུ་ངོ་མཚར་ལགས་སོ། །དེ་སྐད་ཅེས་གསོལ་བ་ དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་དེ་བཞིན་ཏེ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤིན་ཏུ་ཡོངས་སུ་བཟུང་ངོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤིན་ཏུ་ཡོངས་སུ་བཟུང་བས་སེམས་ཅན་ཐམས་ཅད་ཀྱང་ཤིན་ཏུ་ཡོངས་སུ་བཟུང་བར་འགྱུར་བའི་ཕྱིར་རོ། །ཤཱ་རད་ཏིའི་བུ། འདི་ ལྟ་སྟེ༑ དཔེར་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞིག་ལ་འདི་ལྟ་སྟེ། འབྲས་སཱ་ལུའམ། འྦྲུའམ། ནས་སམ། གྲོའམ་ཏིལ་ལམ། མོན་སྲན་སྡེའུ་ མོན་སྲན་གྲེའུ་འུམ། སྲན་ཆུང་ངམ། འབྲུའི་རྣམ་པ་གཞན་གང་ཡང་རུང་བས་གང་བའི་བང་བ་གཅིག་གམ། གཉིས་སམ། གསུམ་མམ་བྮིའམ། ལྔའམ། བྕུའམ་ [98A]༄༅། །ཉི་ཤུའམ། སུམ་ཅུའམ། བཞི་བྕུའམ། ལྔ་བྕུའམ་བྲྒྱའམ། སྟོང་ངམ། འབུམ་མམ། ཤིན་ཏུ་མང་པོ་དག་ཅིག་བདོག་པར་གྱུར་ ན༑ དེ་འདི་སྙམ་དུ་འདི་དག་ནི། མུ་གེ་བྱུང་བའམ། ཕོངས་པར་གྱུར་བ་ན། འདི་དག་གིས་ལོ་ལེགས་པར་འགྱུར་རོ། །སྙམ་ནས་ཤིན་ཏུ་ཡོངས་སུ་འཛིན་པར་ འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མུ་གེ་བྱུང་བར་གྱུར་པ་ན་སེམས་ཅན་རྣམས་ཀྱི་གསོས་སུ་འགྱུར་བའི་ཕྱིར་རོ། །ཤཱ་རད་ཏིའི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འདས་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་དམ་པའི་ ཆོས་ཀྱི་མུ་གེར་གྱུར་པའི་སེམས་ཅན་ཐམས་ཅད་ལ་དམ་པའི་ཆོས་བཤད་པས་དམ་པའི་ཆོས་ཀྱི་ལོ་ལེགས་པ་དང། དགེ་འདུན་གྱི་ལོ་ལེགས་པར་བྱེད་པར་འགྱུར་ ཏེ༑ ཤཱ་རད་ཏིའི་བུ། རྣམ་གྲངས་དེས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤིན་ཏུ་ཡོངས་སུ་བཟུང་ [98B] །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མི་འཁྲུགས་པ་དེའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པར་བྱེད་འཆང་བར་བྱེད། ཀློག་པར་བྱེད། ཀུན་ ཆུབ་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ལ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ཕྲག་མང་པོ་དང། སྲོག་ཆགས་ བརྒྱ་སྟོང་ཕྲག་མང་པོ་དང། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་ ལ༑ སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སྨོན་ལམ་ཡང་འདེབས་པར་བྱེད་པ་དེ་དག་ཐམས་ཅད་ནི། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་རོ། །ཤཱ་རད་ཏིའི་བུ། གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང། གཞན་དག་ལ་ [99A]༄༅། །ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ལ་སྲོག་ཆགས་བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ཕྲག་མང་པོ་དང། སྲོག་ཆགས་ བརྒྱ་སྟོང་ཕྲག་མང་པོ་དང། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་ འགོད་ན། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སྨོན་ལམ་མ་བཏབ་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི། ཕྱིར་མི་ལྡོག་པར་རིག་པར་བྱ་ ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱ་སྟེ། དེ་དག་ནི། རང་རང་གི་སངས་རྒྱས་ཀྱི་ཞིང་དག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་།ཤཱ་རད་ཏིའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་དག་བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ལ། བཟུང་ཞིང་བཅངས་ལ་ [99B]ཆེར་ཡང་དག་པར་རབ་ཏུ་བསྟན་ནས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ཕྲག་མང་པོ་དང། སྲོག་ཆགས་ བརྒྱ་སྟོང་ཕྲག་མང་པོ་དང། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་ལ། སྲོག་ཆགས་ བརྒྱ་སྟོང་ཕྲག་མང་པོ་དག་གིས་དགེ་བའི་རྩ་བ་བསྐྱེད་ན། དེ་དག་ཇི་ལྟ་ཇི་ལྟར་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་བསྐྱེད་པ་དེ་ལྟ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་དང་ཉེ་བར་འགྱུར་རོ། །ཤཱ་རད་ཏིའི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱ་བར་འདོད་པས། ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་སྟེ། བཟུང་ཞིང་བཅངས་ ལ་བཀླགས་ཤིང་ཀུན་ཆུབ་པར་བྱས་ནས་སྲོག་ཆགས་བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ཕྲག་མང་པོ་དང། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང། སྲོག་ཆགས་བྱེ་བ་ ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ལ་ཡང་བཤད་པར་བྱ་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། འདི་ལྟར་བྱང་ཆུབ་སེམས་དཔའ་ [100A]༄༅། །སེམས་དཔའ་ཆེན་པོས་ཇི་ལྟ་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་དེ་ལྟ་དེ་ལྟར་ཤེས་རབ་ཆེན་པོར་འགྱུར་བའི་ལས་ཉེ་བར་གསོག་པར་འགྱུར་ ཏེ༑ དེ་དག་ཤེས་རབ་ཆེན་པོར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལུས་དེ་ཉིད་ཀྱིས་ཟག་པ་ཟད་པ་རྗེས་སུ་འཐོབ་པར་འགྱུར་བའི་ཕྱིར་རོ། །ཤཱ་རད་ཏིའི་བུ། ཉན་ ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཞིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་ གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ལ་སྲོག་ཆགས་བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ཕྲག་མང་པོ་དང། སྲོག་ཆགས་བརྒྱ་སྟོང་ཕྲག་ མང་པོ་དང། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོང་བ་དེ་དག་ ཐམས་ཅད་ཀྱང་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་རོ། །ཤཱ་རད་ཏིའི་བུ། གལ་ཏེ་དེ་དག་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་ [100B] ཡང་དེ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་པ་ལས་འདའ་བར་ནི། མི་འགྱུར་རོ་།ཤཱ་རད་ཏིའི་བུ། དེ་བས་ན། ཉན་ཐོས་ཀྱི་ཐེག་པ་ བ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འདོད་པ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ་ཞིང་ཐོས་ནས་ཀྱང་གཟུང་བར་བྱ། བཅང་ བར་བྱ༑ བཀླག་པར་བྱ། ཀུན་ཆུབ་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་ཞིང། སྲོག་ཆགས་བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ཕྲག་མང་ པོ་དང། སྲོག་ཆགས་བརྒྱ་སྟོང་ཕྲག་མང་པོ་དང། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་གཞུག་པར་ བྱ༑ གཟུང་བར་བྱ། རབ་ཏུ་དགོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཤཱ་རད་ཏིའི་བུ། འདི་ལྟར་དམ་པའི་ཆོས་ཡོངས་སུ་བཟུང་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ནི། ལུས་ དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་བའི་ཕྱིར་རོ། །ཤཱ་རད་ཏིའི་བུ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་དག་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ [101A]༄༅། །ཀྱི་རྣམ་གྲངས་འདི་གཞན་དག་ལ་དུས་དུས་སུ་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི། ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ འགྱུར་རོ། །སངས་རྒྱས་འབྱུང་བ་གཉིས་པ་ལས་འདའ་བར་ནི། མི་འགྱུར་རོ། །ཤཱ་རད་ཏིའི་བུ། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟ་ཇི་ལྟར་འཛིན་པ་དང་ འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་ལྟ་དེ་ལྟར་ཤེས་རབ་ཆེན་པོར་འགྱུར་བའི་ལས་བྱེད་པར་ འགྱུར་ཞིང་གསོག་པར་འགྱུར་རོ། །དེ་དག་ཤེས་རབ་ཆེན་པོར་འགྱུར་བའི་ལས་བྱས་ཤིང་བསགས་པ་དེས་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་ཡང་ འགྱུར་རོ། །ཤཱ་རད་ཏིའི་བུ། གལ་ཏེ་དེ་དག་ལུས་དེ་ཉིད་ཀྱིས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་མི་འགྱུར་ན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་པ་ ལས་འདའ་བར་ནི། མི་འགྱུར་རོ། །ཤཱ་རད་ཏིའི་བུ། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཀྱིས་ཀྱང་དོན་གྱི་དབང་འདི་མཐོང་ན། ཆོས་ཀྱི་རྣམ་ [101B] །ཤཱ་རད་ཏིའི་བུ། དེ་ལྟ་བས་ན། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དམ་པའི་ཆོས་ཡོངས་སུ་ འཛིན་པར་འདོད་པ་རྣམས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤཱ་རད་ཏིའི་ བུ༑ གཞན་ཡང་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་ལ། སྲོག་ཆགས་བརྒྱ་ཕྲག་མང་པོ་དང། སྲོག་ཆགས་སྟོང་ཕྲག་མང་པོ་དང། སྲོག་ཆགས་བརྒྱ་སྟོང་ཕྲག་ མང་པོ་དང། སྲོག་ཆགས་བྱ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་ཡང་དག་པར་འཛིན་དུ་འཇུག་ཅིང་འཛུད་དེ་རབ་ཏུ་འགོད་ལ། དེ་བཞིན་ [102A]༄༅། །ཉིད་དུ་རྣལ་འབྱོར་དུ་སྒྲུབ་ཅིང་རྩོལ་ལ་འབད་དེ་སློབ་ཅིང་མོས་ན། ཤཱ་རད་ཏིའི་བུ། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་ སྲིད་པ་ཐ་མ་པ་ལ་གནས་པའམ། སྐྱེ་བ་གཅིག་གིས་ཐོགས་པའམ་སྐྱེ་བ་གཉིས་ཀྱིས་ཐོགས་པའམ། སྐྱེ་བ་གསུམ་གྱིས་ཐོགས་པ་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ གཉིས་པ་ལས་འདའ་བར་མི་འགྱུར་བར་རིག་པར་བྱའོ། །ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི། སེམས་ཅན་བསོད་ནམས་ཆུང་ངུ་རྣམས་ཀྱིས་ཐོས་པར་མི་ནུས་ཏེ་ཤཱ་རད་ཏིའི་བུ། སངས་རྒྱས་ཀྱི་མཐུས་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སུ་ཡང་རུང་བ་ཞིག་གི་རྣ་ལམ་དུ་གྲག་པར་གྱུར་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཀྱང་མྱུར་བ་མྱུར་བར་གཟུང་བར་བྱ། བཅང་བར་བྱ་ བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤཱ་རད་ཏིའི་བུ་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ ཞིག་གིས་སེམས་ཅན་འགའ་ཞིག་གི་དོན་གྱི་ཕྱིར་ཀྱེ་མ་སེམས་ཅན་འདིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ [102B]གྲངས་འདི་ཐོས་པར་གྱུར་ཅིག་ཅེས་ཛམྦུའི་གླིང་འདི་དབྱིག་དང་གསེར་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་ཞིང་ཡོངས་ སུ་བཏང་བར་གྱུར་ཀྱང་ཤཱ་རད་ཏིའི་བུ། སེམས་ཅན་བསོད་ནམས་ཆུང་དུ་རྣམས་ཀྱིས་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། ཆོས་ཀྱི་རྣམ་གྲངས་འདི་ནི། ཆོས་ཐམས་ཅད་ རབ་ཏུ་རྣམ་པར་འབྱེད་པར་བྱེད་ཅིང། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དད་པ་རྣམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་བྱེད་པའི་ཕྱིར་རོ། །ཤཱ་རད་ཏིའི་བུ། བཅོམ་ལྡན་ འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི། འཆལ་བའི་ ཤེས་རབ་ཅན་རྣམས་ཀྱི་ལག་ན་གནས་པར་མི་འགྱུར་ཏེ། ཤཱ་རད་ཏིའི་བུ། གཞན་དུ་ན་ཆོས་ཀྱི་རྣམ་གྲངས་འདི་ནི། མཁས་པ་ཤེས་རབ་ཟབ་མོ་དང་ལྡན་པ་རྣམས་ཀྱི་ལག་ཏུ་གནས་ པར་འགྱུར་རོ། །ཤཱ་རད་ཏིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་གི་ལག་ཏུ་ཆོས་ཀྱི་རྣམ་གྲངས་འདི་གནས་པ་དང། ལུས་ལ་གནས་པ་དེ་དག་ནི། དེ་བཞིན་གཤེགས་པ་ [103A]༄༅། །མཐོང་བ་ཡིན་ནོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ་དཔེར་ན། རིན་པོ་ཆེ་རིན་ཐང་མེད་པ་རིན་ཆེ་བ་གང་ཡང་རུང་བ་ཞིག་རྒྱ་མཚོ་ཆེན་པོའི་ནང་ནས་ ཁྱེར་ཏེ་འོངས་པར་གྱུར་ན། ཤཱ་རད་ཏིའི་བུ། འདི་ཇི་སྙམ་དུ་སེམས། ནོར་བུ་རིན་པོ་ཆེ་འདི་དང་པོ་ཁོ་ནར་སུའི་ལག་ཏུ་འོང་བར་འགྱུར། གསོལ་པ། བཙུན་པ་བཅོམ་ལྡན་འདས་ རིན་པོ་ཆེ་དེ་ནི་དང་པོ་ཁོ་ནར་རྒྱལ་པོའམ། རྒྱལ་པོའི་བུ་རྣམས་སམ། རྒྱལ་པོའི་བློན་པོ་ཆེན་པོ་རྣམས་ཀྱི་སུག་པར་མཆི་བར་འགྱུར་ལགས་སོ། །བཀའ་སྩལ་པ། ཤཱ་རད་ཏིའི་ བུ༑ དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་ རྣམ་གྲངས་འདི་ཡང་བྱང་ཆུབ་སེམས་དཔའི་ལག་ཏུ་གནས་པར་འགྱུར་ཏེ། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པར་ བྱེད༑ འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ [103B]ནི་ཕྱིར་མི་ལྡོག་པ་ཉིད་དུ་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་ འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། དེ་ལྟར་ལགས་པས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འཚལ་བ་རྣམས་ཀྱིས་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་གཟུང་ བར་བགྱི། བཅང་བར་བགྱི། བཀླག་པར་བགྱི། ཀུན་ཆུབ་པར་བགྱི་ཞིང། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱི་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ ལྡན་འདས། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་ལ་ཞུགས་པ་ན་ཕྱིར་མི་ལྡོག་པའི་ཆོས་ཉིད་རྗེས་སུ་འཐོབ་པར་འགྱུར་བའི་སླད་དུའོ། ། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་ བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འདོད་པ་རྣམས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ [104A]༄༅། །སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ ཞིང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤཱ་རད་ཏིའི་བུ། འདི་ལྟ་སྟེ་དཔེར་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རིན་པོ་ཆེ་སྣ་བདུན་པོ་དག་ནི། ལས་ ཀྱི་རྣམ་པར་སྨིན་པ་ལས་བྱུང་བ་ཡིན་ནོ། །ཤཱ་རད་ཏིའི་བུ། དེ་བཞིན་དུ་ངས་འཁོར་བཞི་པོ་རྣམས་ལ་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་ཅིང་རྒྱ་ཆེར་ཡང་ དག་པར་རབ་ཏུ་བསྟན་པ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་སྔོན་གྱི་སྨོན་ལམ་གྱིས་བཤད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་དག་གིས་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང། ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་སྨོན་ལམ་གྱི་ཁྱད་པར་དང། རང་རང་གི་དགེ་བའི་རྩ་བའི་རྣམ་ [104B] །ཤཱ་རད་ཏིའི་བུ། གང་དག་བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་དགུ་བརྒྱ་དགུ་བཅུ་རྩ་དྲུག་གང་དག་འབྱུང་བར་འགྱུར་བའི་སངས་ རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱང་དཔེར་ན། ངས་ད་ལྟར་འཁོར་བཞི་པོ་དག་ལ་བཤད་ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པ་བཞིན་དུ་ལྷག་ཆད་མེད་པར་འཁོར་བཞི་པོ་ དག་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་འཆད་ ཅིང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ། །ཤཱ་རད་ཏིའི་བུ། དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་ སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤཱ་རད་ ཏིའི་བུ། གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་ལ་ལ་ཞིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ [105A]༄༅། །དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་དང། གཟུང་བ་དང། བཅང་བ་ དང། བཀླག་པ་དང། ཀུན་ཆུབ་པར་བྱ་བ་དང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བར་མི་རྙེད་པར་གྱུར་ལ། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའི་ཐེག་ པ་པའི་གང་ཟག་ཁྱིམ་ན་གནས་ནས་མངོན་པར་བྱུང་བ་དེ་ལ་གལ་ཏེ་ལ་ལ་ཞིག་གིས་འདི་སྐད་དུ། གལ་ཏེ་རིགས་ཀྱི་བུ་ཁྱོད་ཁྱིམ་གྱི་གནས་ན་གནས་ཤིང་བཙུན་མོའི་འཁོར་ གྱི་ནང་དུ་ཞུགས་ཏེ་སྤྱོད་པར་བྱེད་ན། དེ་ལྟར་ན་ངས་ཁྱོད་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་སྦྱིན་པར་བྱའོ་།ཞེས་ཟེར་ན། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བ་ དེ་ཆོས་ཀྱི་རྣམ་གྲངས་འདི་ལ་གུས་པར་བྱ་བའི་ཕྱིར་གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་མཉན་པའམ། གཟུང་བའམ། བཅང་བའམ། བཀླག་པའམ། ཀུན་ཆུབ་པར་བྱ་བའམ། གཞན་ དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བར་རྙེད་ན། ཁྱིམ་གྱི་གནས་སུ་སོང་སྟེ། བཙུན་མོའི་འཁོར་གྱི་ནང་དུ་ཞུགས་ནས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ཞིང་ཀུན་ཆུབ་ [105B]དཔའི་ཐེག་པ་པའི་གང་ཟག་ཁྱིམ་གྱི་གནས་ནས་མངོན་པར་བྱུང་བར་བཙུན་མོའི་འཁོར་གྱི་ནང་དུ་སོང་བ་དེ་ལ་ལྟུང་བ་མེད་ པར་ངས་རྗེས་སུ་གནང་ངོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དེ་འདས་པ་ན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནུབ་པར་མི་འགྱུར་བའི་ཕྱིར་རོ། །ཤཱ་རད་ཏིའི་བུ། གལ་ཏེ་གྲོང་ངམ་ གྲོང་ཁྱེར་རམ། ཐག་རིང་པོར་གྱུར་པ་གང་ཞིག་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་ སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་གྱུར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་དེར་ཡང་བགྲོད་པར་བྱ་ཞིང། དེར་ཕྱིན་ནས་ཀྱང་བཅོམ་ལྡན་འདས་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་ བྱ༑ བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤཱ་རད་ཏིའི་བུ། གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ [106A]༄༅། །ལ་ལ་ཞིག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་ སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བྱ་ཞིང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། ། ཞེས་སེམས་བསྐྱེད་ལ། ཤཱ་རད་ཏིའི་བུ། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་བརྗོད་པར་མི་ནུས་ཀྱི། གླེགས་བམ་དུ་བྱས་པ་ཞིག་ལག་ན་བསྲེལ་བར་གྱུར་ན། དེས་ གླེགས་བམ་དེ་བརྙས་ཏེ་ཕྱིར་ལོག་ནས་བདག་གིས་གླེགས་བམ་བྲི་བར་བྱའོ། །གལ་ཏེ་གླེགས་བམ་བསྐུར་དུ་མི་སྟེར་ན་ཡང་དེ་ཉིད་དུ་བྲི་བར་བྱའོ། །ཤཱ་རད་ཏིའི་བུ། གལ་ཏེ་ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་འདི་སྐད་དུ་གལ་ཏེ་རིགས་ཀྱི་བུ་ཁྱོད་ཟན་བཅད་དེ་འདྲི་ཕོད་ན། དེ་ལྟ་ན་ངས་ཁྱོད་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་སྦྱིན་པར་བྱའོ་།ཞེས་ཟེར་ན་ཡང་དེས་ཟན་བཅད་དེ་འདུག་ [106B] །གལ་ཏེ་ཡང་འདི་སྐད་དུ་འཆག་ཅིང་ཡང་བྲིས་ཤིག་ཅེས་ཟེར་ན་ཡང་དེས་འཆག་ཅིང་བྲི་བར་བྱའོ། །གལ་ཏེ་ཡང་འདི་སྐད་དུ་འགྲེང་སྟེ་བྲིས་ཤིག་ཅེས་ཟེར་ན་ཡང་ དེས་འགྲེང་སྟེ་བྲི་བར་བྱའོ། །གལ་ཏེ་ཡང་འདི་སྐད་དུ་འདུག་སྟེ་བྲིས་ཤིག་ཅེས་ཟེར་ན་ཡང་དེས་འདུག་སྟེ་བྲི་བར་བྱའོ། །ཤཱ་རད་ཏིའི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ལ་ལ་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་ གྲངས་འདིའི་དོན་གྱི་ཕྱིར་གྲོང་ངམ། གྲོང་ཁྱེར་དུ་སོང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་མ་རྙེད་པར་གྱུར་ན། དེ་ནས་རྒྱལ་ཁམས་གཞན་ནམ་ཡུལ་གཞན་དག་ཏུ་ཡང་བགྲོད་ཅིང་གང་དུ་ཐོས་པར་འགྱུར་བ་དེར་འགྲོ་བར་བྱའོ། ། དེར་ཕྱིན་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་ གྲངས་འདི་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཀུན་ཆུབ་པར་བ་ཞིང། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །ཤཱ་རད་ [107A]༄༅། །ཏིའི་བུ༑ དེ་ལྟར་གང་དུ་ཐོས་པར་འགྱུར་བ་དེར་ཕྱིན་ནས་གལ་ཏེ་མ་རྙེད་ན་ཡང་དེས་འདི་སྙམ་དུ། གང་གི་ཕྱིར་བདག་གིས་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཐོས་པར་གྱུར་པས་ན་ བདག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་འཇིགས་པ་ཡང་མེད་ལ། གང་གིས་ད་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་དེའི་མིང་བསྟན་པ་དེ་ཡང་བདག་ལ་ཕན་པར་འདོད་པ་ བདེ་བར་འདོད་པ། དོན་དུ་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་ཡིན་ནོ། །སྙམ་དུ་སེམས་བསྐྱེད་པར་བྱའོ། །ཤཱ་རད་ཏིའི་བུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ངས་བཤད་དོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ [107B] གང་དག་ཐོས་པར་འགྱུར་བ་དེ་ཡང་སངས་རྒྱས་ཀྱི་མཐུ་དང། རང་རང་གི་དགེ་བའི་རྩ་བའི་རྣམ་པར་སྨིན་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་འདས་པའི་འོག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་སུའི་མཐུས་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཤཱ་རད་ཏིའི་བུ། ང་འདས་པའི་འོག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ཉིད་ཀྱི་ མཐུས་ཐོས་པར་འགྱུར་ཞིང། ཇི་ལྟར་དམ་པའི་ཆོས་སྨྲ་བ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་སྨྲ་བར་འགྱུར་བ་དེ་ལྟར་རྒྱལ་པོ་ཆེན་པོ་བཞི་པོ་དག་དང། ལྷའི་དབང་པོ་བརྒྱ་བྱིན་ཡང་སྤྲོ་བ་སྐྱེ་བར་འགྱུར་ལ། བྱང་ཆུབ་ [108A]༄༅། །སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཉན་པར་འགྱུར་བ་དེ་དག་གི་ལས་ཀྱི་རྣམ་པར་སྨིན་པས་ཀྱང་རྒྱལ་པོ་ཆེན་པོ་བཞི་པོ་དག་དང། ལྷའི་ དབང་པོ་བརྒྱ་བྱིན་སྤྲོ་བ་སྐྱེ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ ལྡན་འདས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་ གྲངས་འདི་ནི། ཡོན་ཏན་གྱི་ཆོས་ཆེན་པོ་དང་ལྡན་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ་།ཇི་སྐད་སྨྲས་པ་དེ་བཞིན་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མི་འཁྲུགས་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི། ཡོན་ཏན་གྱི་ཆོས་ཆེན་པོ་དང་ལྡན་པ་ཡིན་ཏེ། ཤཱ་རད་ཏིའི་བུ། རིགས་ཀྱི་བུའམ་རིགས་ཀྱི་ བུ་མོ་གང་ལ་ལ་དག་འཇིགས་པའམ་སྐྲག་པར་གྱུར་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའི་ [108B] རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གི་འཇིགས་པ་དང། སྐྲག་པ་དེ་དག་མེད་པར་འགྱུར་རོ། །ཤཱ་རད་ཏིའི་བུ། གལ་ཏེ་ཕྱོགས་ལ་ལ་ཞིག་ཏུ་འཁོར་ལོ་དྲག་པོ་ལྟ་བུའི་ སེར་བ་བབ་པར་གྱུར་ན། དེ་འབབ་པ་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པ་དེའི་མཚན་ནས་བརྗོད་ཅིང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་ སྤྱད་པ་སྤྱོད་པ་ན་བདེན་པ་དང་བདེན་པའི་ཚིག་གང་གིས་ཀླུ་བརྒྱ་ཕྲག་མང་བ་དང། ཀླུ་སྟོང་ཕྲག་མང་པོ་དང། ཀླུ་བརྒྱ་སྟོང་ཕྲག་མང་པོ་དང། ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག་ སྡུག་བསྔལ་བར་གྱུར་པ་དག་ཐར་པར་མཛད་ཅིང་ཐར་པར་མཛད་ནས་ཀྱང་དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོས་ཏེ་དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གང་གི་ཚེ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ཏུ་ཀླུ་ཁྲོ་བོ་དག་གིས་འཁོར་ལོ་དྲག་པོ་ལྟ་བུའི་སེར་བ་འབེབས་ པར་བྱེད་པས། དེ་ན་སེམས་ཅན་གང་དག་འཇིགས་ཤིང་སྐྲག་པར་གྱུར་པ་དེ་དག་བདག་གིས་མཚན་ནས་བརྗོད་པར་འགྱུར་ཞིང། དེར་བདག་གི་མཐུས་འཁོར་ལོ་དྲག་པོ་ལྟ་བུའི་སེར་བ་ [109A]༄༅། །དེ་ཉེ་བར་ཞི་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་ན་པའི་བདེན་པ་དང་བདེན་པའི་ཚིག་དེས་བདག་ཅག་ལ་འཁོར་ལོ་དྲག་པོ་ལྟ་བུའི་སེར་བ་འབབ་པ་ འདི་དག་ཉེ་བར་ཞི་བར་གྱུར་ཅིག་ཅེས་བརྗོད་པ་ཙམ་གྱིས་ན་ཀླུ་རྣམས་ཀྱི་འཁོར་ལོ་ལྟ་བུའི་སེར་བ་དེ་དག་ཉེ་བར་ཞི་བར་འགྱུར་ཏེ། ཤཱ་རད་ཏིའི་བུ། སེམས་ཅན་དེ་དག་གི་ སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི། མ་གཏོགས་སོ། །ཤཱ་རད་ཏིའི་བུ། གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་འཇིགས་པའམ། སྐྲག་པའམ། ཡམས་ཀྱི་ ནད་དམ། གནོད་པ་བྱུང་བར་གྱུར་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་རྗེས་སུ་དྲན་པར་ བྱ་ཞིང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ བདེན་པ་དང། བདེན་པའི་ཚིག་གང་གིས་དམ་བཅས་པ་དང། ཚིག་བརྗོད་པ་གང་ཡིན་པའི་དམ་བཅས་པ་དང། ཚིག་བརྗོད་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ ཅིག་དམ་བཅས་པ་དང། ཚིག་བརྗོད་པ་དེ་དག་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པའི་བདེན་པ་དང། བདེན་པའི་ཚིག་དེས་འཇིགས་པ་དང། སྐྲག་པ་དང། ཡམས་ཀྱི་ནད་དང་ [109B]འཇིགས་པ་དེ་དག་དང། སྐྲག་པ་དེ་དག་དང། ཡམས་ཀྱི་ནད་དེ་དག་དང། གནོད་པ་དེ་དག་ནུབ་པར་འགྱུར་ཏེ། ཤཱ་རད་ ཏིའི་བུ༑ སེམས་ཅན་དེ་དག་གི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི། མ་གཏོགས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་འདི་ སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་འགྱུར་གྱི། གཉིས་ནི། མ་ལགས་པས། བཙུན་པ་བཅོམ་ལྡན་འདས། དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས་ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མི་འཁྲུགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རད་ཏིའི་ [110A]༄༅། །བུ༑ དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་ རྫོགས་པར་འཚང་རྒྱ་བར་བྱའོ། །ཤཱ་རད་ཏིའི་བུ། ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བ་དེ་ལྟར་གང་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དང། དེ་ལྟར་སངས་རྒྱས་ ཀྱི་ཞིང་ཡོངས་སུ་འཛིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཉུང་སྟེ། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་སངས་རྒྱས་པ་ཉིད་ཀྱང་མཚུངས་ [110B] ཁ་དོག་ཀྱང་མཚུངས། རྟགས་ཀྱང་མཚུངས། རིགས་ཀྱང་མཚུངས། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་པར་ཡང་མཚུངས། ཉན་ ཐོས་ཀྱི་དགེ་འདུན་གྱི་འདུས་པ་ཡང་མཚུངས། དེ་དག་གི་རྣམ་པར་གྲོལ་བ་ཡང་མཚུངས་མོད་ཀྱི། གཞན་དུ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ ཡོན་ཏན་བཀོད་པ་ཐ་དད་པར་འགྱུར་བ་དང། སེངྒེའི་ཁྲི་ཐ་དད་པ་དང། པདྨའི་དཀྱིལ་འཁོར་ཐ་དད་པ་འབའ་ཞིག་ཏུ་འགྱུར་བར་ཟད་དོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་ དང། ཚངས་རིས་ཀྱི་ལྷ་རྣམས་ཤར་ཕྱོགས་སུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ག་ལ་བ་དེ་ ལོགས་སུ་ཐལ་མོ་སྦྱར་པ་བཏུད་དེ་ཕྱག་འཚལ་ནས་འདི་སྐད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་ པས་གང་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཡོན་ ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདིར་བཤད་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་ [111A]༄༅། །པ་དེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ འཁྲུགས་པ་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ཞེས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་ ཚངས་རིས་ཀྱི་ལྷ་དེ་དག་གིས་ལྷའི་མེ་ཏོག་མནྡ་ར་བ་དང་མནྡཱ་ར་བ་ཆེན་པོ་དང། ལྷའི་སྤོས་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཏོར་མངོན་པར་གཏོར་ མངོན་པར་རབ་ཏུ་གཏོར་ཏོ། །མངོན་པར་གཏོར་མ་ཐག་ཏུ་ སངས་རྒྱས་ཀྱི་མཐུས་མེ་ཏོག་དེ་དག་དང་ སྤོས་དེ་དག་བཅོམ་ལྡན་འདས་ཀྱི་སྟེང་གི་ནམ་མཁའ་ལ་མེ་ཏོག་གི་གདུགས་ཆེན་པོར་གནས་པར་གྱུར་ཏོ། །གཞན་ ཡང་འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་ ཚངས་རིས་ཀྱི་ལྷ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་མཆོད་པ་བྱ་བའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ [111B]ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། བདག་གིས་སངས་རྒྱས་ཀྱི་མཐུས་ འཁོར་བཞི་པོ་འདི་དག་དང། འདོད་པ་ན་སྤྱོད་པའི་ལྷ་འདི་དག་དང། ཚངས་རིས་ཀྱི་ལྷ་འདི་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་མཐོང་བར་འགྱུར་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གསོལ་བ་གདབ་ པར་བྱའོ། །སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་གྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་ མངོན་པར་འཕགས་ཏེ་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་འཁོར་བཞི་པོ་དེ་དག་ཀྱང་སྟེང་གི་ནམ་མཁའ་ལ་མངོན་པར་ འཕགས་ནས་བར་སྣང་ལ་འཁོད་པར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་འདོད་པ་ན་སྤྱོད་པའི་ལྷ་དེ་དག་དང། ཚངས་རིས་ཀྱི་ལྷ་དེ་དག་དང། སྟེང་གི་ནམ་མཁའ་ལ་ མངོན་པར་འཕགས་ནས་བར་སྣང་ལ་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་ [112A]༄༅། །དེ༑ ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་མཛད་པས་འཁོར་བཞི་པོ་དེ་དག་དང། འདོད་པ་ན་སྤྱོད་པའི་ལྷ་དེ་དག་ དང། ལྷའི་དབང་པོ་བརྒྱ་བྱིན་དང། ཚངས་རིས་ཀྱི་ལྷ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ མི་འཁྲུགས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་དེ་དང། སངས་རྒྱས་ཀྱི་ཞིང་དེར་ ཡང་མཐོང་བར་གྱུར་ཏོ། །མཐོང་ནས་ཀྱང་དེ་དག་ཐམས་ཅད་པུས་མོ་གཡས་པའི་ལྷ་ང་སྟེང་གི་བར་སྣང་ལ་བཙུགས་ཏེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེ་ལ་ཕྱག་འཚལ་བར་གྱུར་ཏོ། །དེ་ནས་འཁོར་བཞི་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་གི་མི་རྣམས་མཐོང་བ་དང་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷའི་ཁ་དོག་དང་ [112B] དབྱིབས་དང་ལྡན་པ་འདི་དག་ཅི་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་བལྟ་བ་དང། ཕྱག་བྱ་བ་དང། བསྙེན་བཀུར་བྱ་བ་དང། ཆོས་མཉན་པའི་ཕྱིར་ལྷག་པའི་ལྷ་རྣམས་ཡིན་ནམ། འོན་ཏེ་འདི་ དག་མ་ཡིན་སྙམ་མོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། འདི་དག་ནི། ལྷ་ཡིན་ཏེ། དམ་པའི་ཆོས་ཉན་པའི་ཕྱིར་མིའི་ཆ་ལུགས་དང། རྟགས་ འཛིན་ཞིང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སྤྱན་སྔ་ན་འདུག་གོ་དེ་ཅིའི་ཕྱིར་ཞེ་ ན༑ བདག་གིས་སྔོན་ཆད་མི་རྣམས་ལ་འདི་ལྟ་བུའི་མཛེས་པ་དང་དཔལ་དང། སྐལ་པ་བཟང་པོ་ཕུན་སུམ་ཚོགས་པ་དག་ལན་འགའ་ཡང་མ་མཐོང་མ་ཐོས་ པའི་ཕྱིར་རོ། །སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དེ་དག་སླར་བསྡུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་དང། འདོད་ པ་ན་སྤྱོད་པ་དང། གཟུགས་ན་སྤྱོད་པའི་ལྷའི་བུ་དེ་དག་ཐེ་ཚོམ་དང་བཅས། ཡིད་གཉིས་དང་བཅས་པར་ཐུགས་སུ་ཆུད་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ་ [113A]༄༅། །ཀཽ་ཤི་ཀ༑ གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་ རྒྱས་ཀྱི་ཞིང་དུ་སྐྱེས་པའི་མི་དེ་དག་ནི། ལྷའི་ཉེ་བར་སྤྱོད་པ་དང། ཡོངས་སུ་སྤྱོད་པ་དག་དང་ལྡན་པ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། མི་གང་ དག་གིས་སངས་རྒྱས་ཀྱང་མཐོང་ལ་ལྷའི་ལོངས་སྤྱོད་དང། ཉེ་བར་སྤྱོད་པ་དང་ལྡན་པའི་མི་དེ་དག་ནི། ལྷའི་ཕུན་སུམ་ཚོགས་པ་དང་ལྡན་པ་སྟེ། འདོད་པར་བྱ་བ་ཡིན་ནོ། ། གང་དག་འཇིག་རྟེན་གྱི་ཁམས་གཞན་དག་དང། སངས་རྒྱས་ཀྱི་ཞིང་གཞན་དག་ནས་ཤི་འཕོས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་བའི་མི་དེ་དག་ཀྱང་འདོད་པར་བྱ་བ་ཡིན་ནོ་།སྙམ་མོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རད་ ཏིའི་བུས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ། གང་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཤཱཀྱ་ཐུབ་པ་མཐོང་ཞིང། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཡང་མཐོང་བས་ [113B] ཀཽ་ཤི་ཀ། གལ་ཏེ་དེ་ཙམ་གྱིས་ཀྱང་ཁྱོད་ཀྱི་ལུས་ཀྱིས་རྙེད་པ་ལེགས་པར་རྙེད་པ་ཡིན་ན། ཀཽ་ཤི་ཀ། གང་ཁྱོད་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བའི་རྙེད་པ་དེ་ལྟ་སྨོས་ཀྱང་ཅི་ དགོས༑ དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། གང་དག་གི་རྣ་ལམ་དུ་ཡོན་ཏན་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་གྲག་པ་དེ་དག་ཀྱང་རྙེད་པ་ལེགས་པར་ རྙེད་པ་ཡིན་ན། གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་ སྩལ་ཏོ༑ ༑ཀཽ་ཤི་ཀ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གང་དག་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་དེ་དག་ནི། རྙེད་པ་ལེགས་པར་རྙེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ ན༑ ཀཽ་ཤི་ཀ། དེ་ནི། འདི་ལྟར་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་བའི་ཕྱིར་རོ། །ཀཽ་ཤི་ཀ། སྲོག་ཆགས་གང་དག་གིས་ཇི་ལྟར་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་སེམས་བསྐྱེད་ན་ དེ་དག་ནི། དེ་ལྟར་སེམས་བསྐྱེད་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པ་ཇི་ལྟ་བ་དེ་ལྟར་གཟུང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་ ཀྱི་རྣམ་གྲངས་འདི་བཤད་པ་ན་དགེ་སློང་ལྔ་སྟོང་ཙམ་ནི། ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་ [114A]༄༅། །བརྒྱད་སྟོང་གིས་ནི། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་བཏབ་བོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་སློང་མ་ལྔ་སྟོང་གིས་ཀྱང་སངས་ རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་བཏབ་བོ། །བྱང་ཆུབ་སེམས་དཔའི་ཐེག་པ་པའི་དགེ་བསྙེན་བརྒྱད་སྟོང་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་བཏབ་བོ། །བྱང་ ཆུབ་སེམས་དཔའི་ཐེག་པ་བའི་དགེ་བསྙེན་མ་ཁྲིས་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་བཏབ་བོ། །འདོད་པ་ན་སྤྱོད་པའི་ལྷའི་བུ་སྟོང་ཕྲག་རབ་ཏུ་མང་པོ་དག་གིས་ ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་བཏབ་སྟེ། དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སངས་ རྒྱས་ཀྱི་ཞིང་དེར་སྐྱེ་ཞིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ལུང་བསྟན་ཏོ། །གང་དག་དེ་ལས་གཞན་པའི་སེམས་ ཅན་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་འདེབས་པར་འགྱུར་བ་དེ་དག་ཀྱང་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱ་བར་ལུང་སྟོན་པར་འགྱུར་ཏེ། ལུང་བསྟན་ནས་ཀྱང་དེ་དག་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ [114B]མཐུ་དང་བྱིན་གྱི་རླབས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་ཏེ་ གཡོས༑ རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག། རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་འཁྲུགས་རབ་ཏུ་འཁྲུགས་ ཀུན་ཏུ་རབ་ཏུ་འཁྲུགས། འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་ཞིང་འཇིག་རྟེན་དུ་སྣང་བ་ཆེན་པོས་ ཀྱང་ཁྱབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་དང། ཚེ་དང་ལྡན་པ་ཀུན་དགའ་བོ་དང། རྒྱལ་པོ་ ཆེན་པོ་བཞི་དང། ལྷའི་དབང་པོ་བརྒྱ་བྱིན་དང། མི་མཇེད་ཀྱི་བདག་པོ་ཚངས་པ་དང། དགེ་སློང་དེ་དག་དང། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང། ལྷ་ དང། མི་དང། ལྷ་མ་ཡིན་དང། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་།འཕགས་པ་དཀོན་ མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། མི་འཁྲུགས་པའི་བཀོད་པའི་ལེའུ་ཞེས་བྱ་སྟེ། དྲུག་པ་རྫོགས་སོ།། །། [115A]༄༅། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། སུ་རེནྡྲ་བོ་དཧི་དང། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་པ་